འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་24ཉིན།

༄༅།།ཡིད་ཆེས་བརྟན་གཏོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་གསར་འབྱེད་ཡར་བརྩོན་བྱེད་པར་སྐུལ་ལྕག་ཐེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་24ཉིན། 10:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་5ཚེས་19ཉིན་དང་ཚེས་20ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་གསར་འབྱེད་ཡར་བརྩོན་བྱེད་དགོས་པའི་ལྕག་སྐུལ་གནང་ཡོད། ཚང་མས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་བརྗོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་གདེང་ཚོད་ཆེ་རུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས”ཞེས་གསུངས་ཡོད།

“ང་ཚོས་འཛམ་གླིང་རིམ་པའི་ཟོག་འགྲེམས་ལྟེ་གནས་མགྱོགས་མྱུར་བསྐྲུན་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་རྗེས། ཧོ་ནན་ཀྲེང་ཀྲོའུ་མཁའ་འགྲུལ་ལྟེ་གནས་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཐེན་ཧའེ་ཐའོ་ཡིས་གདེང་ཚོད་ཆེན་པོས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་བཅག་སྟེ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

ཚན་རྩལ་གསར་གཏོད་ཁྲིད་སྟོན་དུ་བྱས་ཏེ་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་རྟེན་སོགས་འགྲན་ལམ་གསར་པར་འབད་འབུངས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཚོགས་པ་དེའི་ལག་རྩལ་བཟོ་སྐྲུན་ཆེ་མོ་བ་དབྱང་ཧྥུའུ་ཡུན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་རང་རྟེན་གསར་གཏོད་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུའི་ལྕག་སྐུལ་གནང་བྱུང་བས། ང་ཚོས་བདག་པོའི་སྙིང་སྟོབས་དར་སྤེལ་བཏང་ནས། སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱས་རྗེས་འཇོག་པ་དང་ལེགས་སྐྱེས་མང་ཙམ་ཕུལ་ཏེ་ཐོན་རྫས་རྩེ་གྲ་དེ་བས་མང་བ་འདོན་གྱི་ཡིན”ཞེས་བརྗོད།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ།

དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་པོ་གལ་ཆེན་ཞིག་ཡིན་ལ། གཞི་རིམ་ཏང་འཛུགས་སྐྱོང་གི་གཡུལ་ས་གལ་ཆེན་ཞིག་ཀྱང་རེད།

ཉིང་ཞ་ཐུང་ཤིན་རྫོང་དུ་སྡེ་ཚན་མང་པོ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་ཀྱིས་མཉམ་དུ་གཞུང་དོན་བསྒྲུབས་ནས། འགལ་བ་དང་རྩོད་གཞི་སྣ་མང་ཐག་གཅོད་བྱེད་པའི་མཉམ་ཤུགས་ཤིག་ཆགས་ཡོད། འདི་ལོ་ཚུན་དུ། རྫོང་དང་ཤང་རིམ་གཉིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་ཁག་1191བདག་སྤྲོད་བྱས་པ་དང་གྱོད་གཞི་ཁག་1160ཐག་གཅོད་བྱས་ཏེ་ཐག་གཅོད་བྱེད་ཚད་97.4%ཟིན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁག་འཕྲེད་ཀྱི་མཐའ་ཟིན་པ་དང་གཞུང་གི་མཐིལ་ཐུག་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་ཐུང་ཤིན་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སུང་ཅི་ཀྲུང་གིས་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཟོལ་མེད་ཡིད་རྟོན་གྱི་རིན་ཐང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། སྲིད་གཞུང་གི་ཡིད་རྟོན་དང་། ཁེ་ལས་ཀྱི་ཡིད་རྟོན། སྤྱི་ཚོགས་ཀྱི་ཡིད་རྟོན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

ཧྥུའུ་ཅན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་མོང་ཆན་གྱིས“ཧྥུའུ་ཅན་གྱིས་སྲིད་དོན་གྱི་ཡིད་རྟོན་དང་། ཚོང་དོན་གྱི་ཡིད་རྟོན། སྤྱི་ཚོགས་ཀྱི་ཡིད་རྟོན། ཁྲིམས་འཛིན་གྱི་སྤྱི་མོས། མི་སྒེར་གྱི་ཡིད་རྟོན་བཅས་ལ་དམིགས་ནས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཟོལ་མེད་ཡིད་རྟོན་གྱི་རྣམ་པ་བཟང་པོ་བཏོད་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཞིང་ཆེན་ཡོངས་ཀྱིས་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི་གང་མགྱོགས་ཞིབ་འཇུག་བྱས་ནས་འདོན་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ།

“གོང་རིམ་གྱིས་འདོན་པ་དང་། མང་ཚོགས་ཀྱིས་འདོན་པ། ཕན་ཚུན་འཚོལ་བ། རང་ཉིད་ཀྱིས་འཚོལ་བཤེར”བཅས་བྱས་ཏེ། ཕྱོགས་11གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གཅིག་སྡུད་བཅོས་སྒྲིག་ལ་དམ་འཛིན་ལྷོད་མེད་ཀྱིས་བཅོས་སྒྲིག་བྱེད་ཐབས་ཁག་113ཁ་གསལ་བཏོན་པ་སོགས་སི་ཁྲོན་ཁྲེང་ཏུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཁྲེང་ཏུའུ་གྲོང་ཨུད་ཀྱི་ཆེད་དོན་ཚན་ཁག་གི་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་ཀན་ལི་ཅུན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། ང་ཚོས་དེ་བས་རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ་དང་། ལས་ཀའི་གཙོ་གནད་དེ་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བའི་ཐད་བཞག་སྟེ། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། བཤེར་འདོན་ལ་ཤུགས་ཚད་ལྡན་པ། སྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས”ཞེས་བརྗོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁ་ཞེ་གཉིས་མེད་ཀྱིས་ཐག་གཅོད་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དག་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་སུ་སྒྱུར་དགོས།

ཟླ་5ཚེས་20ཉིན། ཧོ་ནན་ཀྲེང་ཀྲོའུ་ཅིན་ཧྲུའེ་ཆུས་ཏུའུ་ལིང་ཁྲོམ་གཞུང་གི་དམངས་ཕན་ཞབས་ཞུ་ལྟེ་གནས་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་ཟིན་པས། སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ་སོགས་གཉེར་མང་བའི་དོན་དག་གཅིག་འཐུས་ཐག་གཅོད་ཐུབ་ཀྱི་ཡོད། ཏུའུ་ལིང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རེན་ལཱ་ལཱ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་འདུས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩིས་ཏེ། ནུས་པ་དེ་བས་ཆེ་བ་བཏོན་ནས་དམངས་འཚོའི་འདུན་པ་བདེ་སྐྱིད་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད། (བསྟན་བློ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)