གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་23ཉིན། 15:16】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚེས་22ཉིན་ཁྱབ་བསྒྲགས་བྱས་དོན། ཟླ་5ཚེས་23ཉིན་ནས་ཚེས་29ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲེན་ཝུན་ཆིང་གདན་ཞུས་ལྟར་ཨུ་རུ་སུར་བསྐྱོད་ནས། བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་རྒྱལ་སྤྱིའི་ཚོགས་འདུ་སྐབས་བཅུ་གསུམ་པ་དང་ཀྲུང་ཨུའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པར་ཞུགས་རྒྱུ་མ་ཟད། ཨུ་རུ་སུ་དང་ཧང་ག་རིར་འཚམས་འདྲི་གནང་རྒྱུ་རེད།