འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་23ཉིན།

༄༅།།རོགས་སྐྱོར་མ་དངུལ་སྒོར་ཁྲི་2000སྤྲོད་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་23ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གསར་འགོད་པས་ཚེས་22ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ཀུའེ་ཀྲོའུ་ཞིང་ཆེན་དུ་ཆུ་ལོག་དང་ཞོད་སྐྱོན། ས་གཤིས་སོགས་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བ་དང་། ལྷག་པར་དུ་པི་ཅེ་སོགས་ས་ཆར་རི་ཉིལ་བའི་གནོད་འཚེ་བྱུང་ཡོད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་ཁྲི་2000ཛ་དྲག་ངང་བཀོད་སྒྲིག་བྱས་ཏེ། གནོད་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་གེགས་རྗེས་འཕྲལ་བསྟུན་སླར་གསོར་རྒྱབ་སྐྱོར་བྱས་ཡོད།