འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་23ཉིན།

༄༅།།ཁོང་ཁྲོ་ལངས་ན་ནད་འདི་འབྱུང་སྲིད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་23ཉིན། 14:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཀྲུང་གོའི་གསོ་རིག་ཚན་རིག་ཁང་ཧྥུ་ཝའེ་སྨན་ཁང་གི་ཚོགས་པས་ཀྲུང་གོའི་སྙིང་རྩ་འགག་པའི་ནད་པར་དབྱེ་ཞིབ་བྱས་པ་ལྟར་ན། སྙིང་རྩ་འགག་པའི་ནད་པ་10%ནི་ཁོང་ཁྲོ་ལངས་པ་ལས་བྱུང་བ་ཡིན་པ་ཤེས་རྟོགས་བྱུང་བ་རེད།

    སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། བྲེལ་བ་དང་དངངས་འཚབ་ལངས་པ། ཁོང་ཁྲོ་ལངས་པ། དགའ་སྐྱོ་སོགས་པའི་སེམས་ཁམས་ཀྱི་ཚོར་སྣང་འཕེལ་ཏེ། ཁྲག་ཤེད་འཕྲལ་མར་ཇེ་མཐོར་འགྲོ་བ་དང་། སྙིང་འཕར་ཚད་མགྱོགས་སུ་འགྲོ་བ། ཁྲག་འགག་སླ་བ་བཅས་ཡོང་གིན་ཡོད། སྐབས་དེར། མིའི་ཁོག་གཏིང་གི་འབྱུང་ཁམས་དོ་མི་མཉམ་པ་དང་། དེ་ནས་སྙིང་ཁམས་སུ་ཁྲག་རྩའི་ནད་འབྱུང་སྲིད། དེ་ལྟར་མཐའ་མར་འབྲས་སྐྲན་ཡང་འབྱུང་སྲིད།

    སྨན་པས་དྲན་སྐུལ་བྱས་དོན། དགའ་སྐྱོའི་ཚོར་བ་འབྱུང་སྐབས། བསམ་པ་ཞི་ལྷོད་དུ་ཕབ་སྟེ་དབུགས་རིང་འབྱིན་རྔུབ་བྱས་ནས་སྙིང་བདེ་ཐང་ངང་སྲུང་སྐྱོབ་ཡོང་ཐབས་བྱེད་དགོས།