གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་22ཉིན། 14:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་ཡིས་ཚེས་20ཉིན་རྒྱལ་ཚོགས་གྲོས་ཁང་གོང་མའི་ཁུངས་སྐྱེལ་དག་འབུད་གསན་འཇོག་ཚོགས་འདུ་ཞིག་གི་ཐོག་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ད་ལོར་ཨ་ཧྥེ་རི་ཁ་ལྷོ་མར་འཚོག་རྒྱུའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་རྒྱུ་མ་རེད། རྒྱུ་མཚན་ནི་ཨ་ཧྥེ་རི་ཁ་ལྷོ་མ་ནི་ཐོག་མཐའ་བར་གསུམ་དུ་ཨ་རིའི་སྲིད་ཇུས་དང་མི་མཐུན་པ་རེད་ཅེས་བཤད།
ལུའུ་པི་ཨའོ་ཡིས། “ཕྱི་འབྲེལ་པུའུ་ཀྲང་གི་རིམ་པ་ཡིན་ནའང་འདྲ་ཡང་ན་ཙུང་ཐུང་གི་རིམ་པ་ཡིན་ནའང་འདྲ། ང་ཚོས་ད་ལོར་ཨ་ཧྥེ་རི་ཁ་ལྷོ་མས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཚོགས་འདུར་མི་ཞུགས་རྒྱུའི་གདམ་ག་བྱས། ཁོང་ཚོས་གོ་ལ་ཧྲིལ་པོའི་གར་སྟེགས་དང་རྒྱལ་ཁབ་ལས་བརྒལ་བའི་རྩ་འཛུགས་མང་པོའི་ཁྲོད་ཨ་རིའི་ཁེ་ཕན་ལ་གནོད་པའི་འདེམས་ཤོག་ཡང་ནས་ཡང་དུ་འཕངས་ཡོད”ཅེས་བཤད། ད་ལོའི་ཟླ་2པར། ལུའུ་པི་ཨའོ་ཡིས་ཨ་ཧྥེ་རི་ཁ་ལྷོ་མར་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཕྱི་འབྲེལ་དཔོན་གྱི་ཚོགས་འདུར་ཞུགས་རྒྱུ་དང་ལེན་བྱས་མེད།