གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་21ཉིན། 14:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཧྲུའུ་ཡིས། ཕ་དབྱི་གདོང་གཏུག་གསར་པ་2023ལོའི་ཟླ་10པར་ཐོན་པ་ནས་བཟུང་། ཀཱ་ཟ་ས་ཁུལ་གྱི་དམག་འཁྲུག་ཁྲོད་བུད་མེད་དང་བུ་མོ་ཁྲི་2.8ལས་བརྒལ་བ་ཚེ་ལས་འདས་པ་རེད་ཅེས་བཤད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཧྲུའུ་ཡིས་ཡང་བསྐྱར་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་པ་་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཀག་འགོག་མེད་པར་ཀཱ་ཟ་ས་ཁུལ་དུ་འཕྲལ་མར་འགྲོ་རུ་འཇུག་པ་མ་ཟད། བཀག་ཉར་བྱས་པའི་མི་ཚང་མ་ཆ་རྐྱེན་མེད་པར་འཕྲལ་མར་གློད་གྲོལ་དགོས་པའི་འབོད་སྐུལ་བྱས།