གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་21ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཧྥ་རན་སི་དང་། དབྱིན་ཇི། ཁ་ན་ཏ་བཅས་ཀྱིས་ཚེས་19ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་རྒྱ་ཆེ་རུ་གཏོང་བར་ངོ་རྒོལ་དྲག་པོར་བྱས་པ་དང་། དབྱི་སི་རལ་སྲིད་གཞུང་གིས་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པ་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འཕྲལ་མར་ཡོང་ཆོག་པ་བྱེད་དགོས་པའི་འབོད་སྐུལ་བྱས།
ཀཱ་ཟ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཟླ་5ཚེས་18ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། ཟླ་3ཚེས་18ཉིན་ནས་བཟུང་། དབྱི་སི་རལ་ཕྱོགས་ཀྱིས་ཀཱ་ཟ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་པས་ཉུང་མཐར་ཡང་མི་3193ཤི་བ་དང་མི་8993ལ་རྨས་ཕོག་ཡོད།