འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་21ཉིན།

༄༅།།བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གྱར་བྱིས་པར་གཅེས་སྐྱོང་གི་ཞབས་ཞུར་མུ་མཐུད་ཤུགས་སྣོན་རྒྱག་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་21ཉིན། 14:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གྱར་བྱིས་པར་གཅེས་སྐྱོང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གྱར་བྱིས་པའི་ཚོགས་སྤྱིའི་དགོས་མཁོར་དམིགས་ཏེ། སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས“སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་མཉམ་འགུལ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་གཅེས་སྐྱོང་ཞབས་ཞུའི་རྣམ་པ་ནུས་ཤུགས་ཡོད་རྒུས་བཙུགས་ཏེ། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གྱར་བྱིས་པར་གཅེས་སྐྱོང་གི་ཞབས་ཞུའི་ལས་ཀའི་སྤུས་ནུས་མུ་མཐུད་མཐོ་རུ་བཏང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གྱར་བྱིས་པའི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་ཆེད། བོད་ལྗོངས་ཀྱིས་རིག་ནུས་ཅན་གྱི་གྲངས་གཞི་བསྡུར་བ་དང་ཆ་འཕྲིན་ཞིབ་དཔྱད་འདེགས་སྐྱོར་དུ་བྱེད་པའི་རྒྱུན་རྣམ་ཅན་གྱི་ཟླ་རེའི་བཀོད་གཏོང་ཞིབ་དཔྱད་ཀྱི་མཐིལ་རྟོགས་གྲལ་བཤེར་ལམ་སྲོལ་བཙུགས་ནས། ཆ་འཕྲིན་ངོ་མ་དང་། ཡང་དག་པ། ཁྱོན་ཡོངས་བཅས་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་བྱིས་པའི་ཕན་བདེའི་ཆ་འཕྲིན་མ་ལག་ལ་བརྟེན་ནས“མི་གཅིག་ལ་ཡིག་ཚགས་གཅིག”གི་འགུལ་རྣམ་ཆ་འཕྲིན་གྱི་དོ་དམ་རྩིས་ཐོ་བཙུགས་པ་རེད།

བོད་ལྗོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་བྱིས་པའི་ལྟ་སྐུལ་པ་དང་གྲོང་ཚོའི(གྲོང་ལྷན)བྱིས་པའི་ཀྲུའུ་རེན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པས། མིག་སྔར་བོད་ལྗོངས་ཀྱི་ཤང(གྲོང་རྡལ་དང་ཁྲོམ་གཞུང)གི་བྱིས་པའི་ལྟ་སྐུལ་པ་851དང་གྲོང་ཚོའི(གྲོང་ལྷན)བྱིས་པའི་ཀྲུའུ་རེན་5210བཀོད་སྒྲིག་བྱས་པས་གཞི་རིམ་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་རེད།

(བདེ་དབང་གིས་བསྒྱུར། པ་ཕན་གྱིས་ཞུས)