འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་18ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2025ལོའི“ཁྱིམ་ཚང་ཡག་ཤོས”མཉམ་དུ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་18ཉིན། 10:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་བཅས་ལ་སྣང་ཆེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་གཅེས་ཁྱིམ་གཅེས་དང་། གཅིག་སེམས་གཅིག་སྦྲེལ། དགེ་བརྩོན་ཡར་ཐོན། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཤེས་དཔལ་གྱི་དར་སྲོལ་གསར་པ་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ཡོངས་སུ་2025ལོའི“ཁྱིམ་ཚང་ཡག་ཤོས”མཉམ་དུ་ཡོངས་བསྒྲགས་བྱས་པ་རེད།

    ཧྲི་རུའེ་ཅོན་དང་། ཧོང་ལི་ལི། པའེ་ཀེན་པའོ། ཆིན་ཐིང་ཆུན། ལིའུ་ཧྥ་དབྱིན། ཞུས་ནའེ་ཁྲའོ། རྣམ་རྒྱལ་ཚེ་རིང་། ཝུའུ་ཧྲུའུ་མིང་། ཧོང་དབྱི། ཡའོ་ཁེ་ལི་བཅས་ཁྱིམ་ཚང་10གཟི་བརྗིད་ལྡན་པའི་ངང་2025ལོའི“ཁྱིམ་ཚང་ཡག་ཤོས”ལ་བདམས་པ་རེད། ཁྱིམ་ཚང་དེ་དག་གིས་རྒྱལ་གཅེས་ཁྱིམ་ཞེན་ཟབ་མོ་གཏོད་པ་དང་། སྲོལ་རྒྱུན་གྱི་སྤྱོད་བཟང་དར་སྤེལ། ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བཅས་བྱས་ཏེ་ཁག་གཅིག་གིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་གྲོང་མིའི་སྣེ་ཁྲིད་དེ་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཁག་གཅིག་གིས་ཞིང་ལས་ཚན་ཞིབ་ལ་བརྩོན་ནས་རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་སྲུང་སྐྱོང་བྱེད་པ། ཁག་གཅིག་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་ཤེས་དཔལ་སྲོལ་གསར་ཁྱབ་སྤེལ་གཏོང་བ། ཁག་གཅིག་གིས་གཅེས་སེམས་ཟབ་མོར་བརྟེན་ནས་སློབ་མ་ཚོ་ཤེས་ལྡན་པར་འཚར་ལོངས་ཡོང་བར་ཧུར་ཐག་གཞོལ་བ། ཁག་གཅིག་གིས་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་ཕྱོགས་གཅིག་སྲུང་སྐྱོབ་བྱེད་པ་སོགས་ཁོང་ཚོས་རང་དཔེ་གཞན་སྟོན་བྱ་རྒྱུར་སྣང་ཆེན་དང་། ཤེས་བྱ་སློབ་པ། ཀུན་སྤྱོད་སྐྱེད་སྲིང་བཅས་བྱས་ནས་ཀུན་སྤྱོད་བཟང་པོ་ཁྱིམ་ཚང་དུ་རྩ་བ་ཚུགས་པ་དང་། ནང་མི་དང་ལྷག་པར་དུ་མི་རབས་རྗེས་མར་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཁྱིམ་ཚང་ལ་བདེ་སྐྱིད་དོན་གཉེར་བྱེད་པ་དང་། གཞན་ལ་དྲོ་སྐྱིད་སྦྱིན་པ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་བསམ་བློའི་གོ་རྟོགས་ཆེ་རུ་བཏང་སྟེ་མི་ཚེའི་ཕུགས་འདུན་འགྲུབ་ཡོད་པ་རེད།

    རྒྱ་ཆེའི་མང་ཚོགས་ཚོས། ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་དང་རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་རེད། ཁྱིམ་ཚང་གི་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་འབྲེལ་བ་དམ་ཟབ་ཡོད་པས། “ཁྱིམ་ཚང་ཡག་ཤོས”མིག་དཔེར་བྱས་ཏེ་རང་རྟོགས་ངང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་ཁྱིམ་ཚང་ཡག་པོ་འཛུགས་སྐྱོང་དང་། ཁྱིམ་ཚང་གི་སློབ་གསོ་ཡག་པོ་རྒྱག་པ། ཁྱིམ་སྲོལ་རྒྱུན་འཛིན་ཡག་པོ་བཅས་བྱས་ཏེ་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་མཉམ་འདྲེས་བྱས་ནས། དུས་རབས་གསར་པའི་ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།