གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་16ཉིན། 14:58】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་5ཚེས་15ཉིན་གྱི་ཆུ་ཚོད་18ཐོག་ཐན་པ་གཏོང་བའི་ཉེན་བརྡ་སེར་པོ་མུ་མཐུད་བཏང་དོན་དུ།
གནམ་གཤིས་ཐན་པར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཧྲའན་ཞི་དང་ཧོ་ནན། ཀན་སུའུ་སོགས་ཞིང་ཆེན་དུ་ཚབས་ཆེ་བ་དང་ཚབས་ཆེ་ཡན་གྱི་ཐན་པ་འབྱུང་སྲིད། དེའི་ནང་ཧྲའན་ཞིའི་ལྷོ་ནུབ་རྒྱུད་དང་ཧོ་ནན་གྱི་ནུབ་རྒྱུད་སོགས་ས་ཁུལ་དུ་དམིགས་བསལ་གྱི་ཐན་སྐྱོན་ཡོད། སྔོན་དཔག་བྱས་ན། འབྱུང་འགྱུར་ཉིན་3རིང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་ཤར་རྒྱུད་དང་ཀོང་ཞིའི་ས་ཁུལ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་སྟབས་ཐན་སྐྱོན་གྱི་གནམ་གཤིས་ཞི་ལྷོད་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་བྱིངས་ཀྱི་ཐན་ཁུལ་དུ་ཆར་པ་ཉུང་དུ་འགྲོ་རྒྱུ་དང་། ཐན་སྐྱོན་ཆེ་བའི་གནམ་གཤིས་རྒྱུན་མཐུད་དམ་ཇེ་སྡུག་དུ་འགྲོ་སྲིད།
འགོག་སྲུང་ཕྱོགས་སྟོན།
གཅིག ཐན་ཁུལ་དུ་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོར་བྱེད་དགོས། ཆར་པ་མང་དུ་གཏོང་བའི་བྱེད་ཀྱི་ལས་ཀའི་ཆ་རྐྱེན་ཡོད་ཚེ་དུས་ཐོག་ཏུ་ཆར་པ་མང་དུ་བཏང་ནས་ད་ལྟའི་ཐན་པ་ཞི་ལྷོད་དུ་གཏོང་དགོས།
གཉིས། བྱང་ཕྱོགས་ཀྱི་དགུན་གྲོ་ཁུལ་གྱི་ས་རྒྱུ་མི་འདང་བའི་ས་ཁུལ་དུ་དུས་ཐོག་ཏུ་ཞིང་ཆུ་འདྲེན་དགོས།
གསུམ། ཀན་སུའུ་ཡི་ཤར་རྒྱུད་དང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད་སོགས་པའི་ཁུལ་གྱི་ནགས་ཚལ་གྱི་མེ་སྐྱོན་འབྱུང་ཉེན་ཅུང་ཆེ་བས་སྔོན་འགོག་ནན་པོར་བྱས་ནས་ནགས་ཁུལ་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།