གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་16ཉིན། 14:56】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་5ཚེས་8ནས་11ཉིན་བར། ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་ཉེར་བདུན་པ་པེ་ཅིང་དུ་འཚོགས་ཤིང་། ད་རེས་ཀྱི་ཐོན་ལས་ཚན་རྩལ་དངོས་མང་སྟོན་ཚོགས་ཀྱིས“ཚན་རྩལ་གྱིས་སྣེ་ཁྲིད་དེ། འབྱུང་འགྱུར་གསར་གཏོད་དང་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པར་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་སྒྲིག་གཞི་800ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད། ད་རེས་ཀྱི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་ལ་མཚོ་སྔོན་གྱིས་ཁྱད་ལྡན་ལེགས་ཆའི་ཁྱབ་ཁོངས་ཀྱི་ཚན་རྩལ་གྱི་གྲུབ་འབྲས་དང་ཐོན་རྫས་གསར་ཤོས་འགྲེམས་སྟོན་དང་འོས་སྦྱོར་བྱས་ཏེ། མཚོ་སྔོན་དང་ཞིང་ཆེན་གཞན་དབར་གྱི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་ཚན་རྩལ་གྲུབ་འབྲས་མཚོ་སྔོན་དུ་གཞི་ཚུགས་པའི་ཡིད་དབང་བཀུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ད་རེས་ཀྱི་འགྲེམས་སྟོན་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པ་མ་ཟད། སྒྲིག་འཛུགས་ཨུ་ལྷན་དང་སྦྲེལ་མཐུད་གང་ལེགས་བྱས་ཏེ“སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་རྒྱུའི”བརྗོད་དོན་ལ་དམིགས་ཏེ། “ཚྭ་མཚོའི་ཐོན་ལས་གསར་གཏོད་དང་། ནུས་རྒྱུ་གཙང་མའི་ཁྱབ་ཁྱོངས་ཀྱིས་སྣེ་འཁྲིད། ས་མཐོའི་ལྗང་མདོག་སྐྱེ་ཁམས་ལ་བརྟེན་ནས་ལུས་གསོ”བཅས་ལེ་ཚན་གསུམ་བཀོད་སྒྲིག་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི། ནུབ་རྒྱུད་མཱེའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་དང་བྱ་གཞག་ཚན་པ་12སྒྲིག་འཛུགས་བྱས་ནས་ཕུལ་བྱུང་ཚན་རྩལ་གྲུབ་འབྲས་དང་ཐོན་རྫས་54བདམས་ཏེ་འགྲེམས་སྟོན་ནང་ཞུགས་རྒྱུར་འོས་སྦྱོར་བྱས་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། ཕུར་སྒྲོན་དང་པ་ཚེས་ཞུས)