གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་16ཉིན། 14:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
སིང་ཀ་ཕོར་འཕྲོད་བསྟེན་པུའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གར་ཏོག་གསར་ནད་དུག་འགོས་པའི་ནད་དཔེ་བསྟུད་མར་གཟའ་འཁོར་བདུན་རིང་མང་དུ་འགྲོ་བཞིན་ཡོད་པ་དང་། ཉེ་བའི་གཟའ་འཁོར་གཅིག་ནང་ཏོག་གསར་ནད་དཔེ་ཁྲི་1.42ཟིན་ནས་ད་ལོའི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། ཚེས་15ཉིན་སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་སིང་ཀ་ཕོར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཏོག་གསར་ནད་དུག་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་རེད།
གཅིག་ནི་འགོག་སྲུང་བྱེད་སེམས་ཆེ་རུ་གཏོང་དགོས། སིང་ཀ་ཕོར་འཕྲོད་བསྟེན་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་ཁུར་ཟབ་མོ་པ་དང་ས་གནས་དེ་གའི་སྨྱན་སྦྱོར་གྱི་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱས་ཏེ་རང་ཉིད་ཀྱི་སྔོན་འགོག་བྱེད་སེམས་ཆེ་རུ་གཏོང་དགོས།
གཉིས་ནི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། དེའི་ནང་དུ་ལག་པ་ཡང་ཡང་འཁྲུ་རྒྱུ་དང་། མཁའ་རླུང་རྒྱུ་དཀའ་བའི་མི་མང་འདུས་སའམ་ཡང་ན་འབྲེལ་ཡོད་ཀྱི་ནད་རྟགས་ཐོན་སྐབས་ཁ་རས་རྒྱག་དགོས། ཁང་བའི་ནང་མཁའ་རླུང་རྒྱུ་བདེ་བའི་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྒོ་དུས་ཐོག་ཏུ་ཉུང་དུ་གཏོང་རྒྱུ་བཅས་ཚུད་ཡོད།
གསུམ་ནི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་ཉིད་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། མིད་པ་སྐྲངས་པ་དང་། ཚ་རྒྱས་པ། གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་ན། རང་གིས་རང་ལ་འགོག་སྲུང་བྱེད་དགོས་པ་མ་ཟད། གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།
སིང་ཀ་ཕོར་གྱི་ཉེན་རྟོག་ཉེན་བརྡའི་ཁ་པར།
999(ས་གནས་དེ་གའི་ཁ་པར།)
+65 62550000(རྒྱལ་ནང་དུ་ཁ་པར།)
སིང་ཀ་ཕོར་གྱི་མྱུར་སྐྱོབ་ཁ་པར་995ཡིན།
སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་སྲུང་སྐྱོང་དང་རོགས་རམ་བྱེད་པའི་ཛ་དྲག་རོགས་རམ་ཁ་པར་ནི།
+65 64750165 ཡིན།
གཞུང་ཚབ་ཀྱིས་སྲུང་སྐྱོང་དང་རོགས་རམ་བྱེད་པའི་ཡིག་སྒམ་ནི།
singapore_hr@csm.mfa.gov.cnཡིན།
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་སྡོམ་འབོད་བརྡ་གཏོང་བྱེད་ལྟེ་གནས་ཁ་པར་ནི།
12308(རྒྱལ་ནང་དུ་ཁ་པར།)
+86 10 12308ཡང་ན་65612308(ཕྱི་རྒྱལ་དུ་ཁ་པར།)