འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

༄༅།།ཀྲུང་དབྱང་དམག་ཨུས་ཐག་བཅད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 14:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་15ཉིན་རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞོ་དམག་དཔོན་ཅང་པིན་གྱིས་ཉེ་དུས་དམག་དཔུང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གནས་ཚུལ་ཁྱབ་བསྒྲགས་བྱས།

    ཅང་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། དམག་དཔུང་རིགས་ཀྱི་གྲུབ་ཚུལ་བཀོད་སྒྲིག་ལེགས་སྒྲིག་དང་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དགོས་མཁོ་དང་འཚམ་པར་བརྟེན། ཉེ་ཆར་ཀྲུང་དབྱང་དམག་ཨུས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་དམག་དཔུང་སློབ་ཆེན་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་ཞབས་འདེགས་འགན་སྲུང་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན་སོགས་སློབ་གྲྭ་གསུམ་ལེགས་སྒྲིག་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་། དེ་དག་ཚང་མ་མཐོ་རིམ་སློབ་གསོའི་སློབ་གྲྭ་ཡིན་པ་དང་། སྤྱི་ཚོགས་ལ་ཕྱོགས་ནས་མཐོ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ་བསྡུ་ལེན་བྱེད་ཀྱི་ཡོད།

    སྐམ་དམག་དམག་རིགས་སློབ་ཆེན་ནི་སྐམ་དམག་ཁྲབ་ལྡན་དམག་དཔུང་སློབ་གླིང་དང་། སྐམ་དམག་སྒྱོགས་དམག་མཁའ་འགོག་དམག་དཔུང་སློབ་གླིང་རྨང་གཞིར་བྱས་ནས་བཙུགས་པ་དང་། སློབ་གྲྭའི་སྤྱི་ཁྱབ་པུའུ་ཨན་ཧུའེ་ཧོ་ཧྥེ་རུ་གནས་ཡོད།

    ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན་ནི་རྒྱལ་སྲུང་ཚན་རྩལ་སློབ་ཆེན་ཆ་འཕྲིན་འཕྲིན་གཏོང་སློབ་གླིང་དང་། སྐམ་དམག་བཟོ་སྐྲུན་སློབ་ཆེན་འཕྲིན་གཏོང་དམག་དཔོན་སློབ་གྲྭ་རྨང་གཞིར་བྱས་ནས་བཙུགས་པ་དང་། སློབ་གྲྭའི་སྤྱི་ཁྱབ་པུའུ་ཧུའུ་པེ་ཝུའུ་ཧན་དུ་གནས་ཡོད།

    མཉམ་འབྲེལ་ཞབས་ཞུའི་འགན་སྲུང་དཔུང་སྡེའི་བཟོ་སྐྲུན་སློབ་ཆེན་ནི་སྐམ་དམག་ཞབས་ཞུའི་སློབ་གླིང་དང་། སྐམ་དམག་དམག་དོན་འགྲིམ་འགྲུལ་སློབ་གླིང་དང་དེ་བཞིན་ཁོངས་གཏོགས་རླངས་འཁོར་དམག་དཔོན་སློབ་གྲྭ་བཅས་རྨང་གཞིར་བྱས་ནས་བཙུགས་པ་དང་། སློབ་གྲྭའི་སྤྱི་ཁྱབ་པུའུ་ཁྲུང་ཆིང་དུ་གནས་ཡོད། གསར་དུ་བཙུགས་པའི་སློབ་གྲྭ་གསུམ་གྱི་སློབ་བསྡུ་ཆེད་ལས་དང་སློབ་བསྡུ་གྲངས་འབོར་སོགས་ཀྱི་ཆ་འཕྲིན་རྗེས་མཐུད་དུ་ལོ་འཁོར་གྱི་སློབ་བསྡུ་འཆར་གཞི་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།