འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་16ཉིན།

༄༅།།ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་10.06འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་16ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་10.06འཕར་བའི་ནང་ཁེ་ལས(བྱ་གཞག)ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.27འཕར་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ཟླ་4པའི་ཟླ་མཇུག་ཏུ། རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་265.7ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད། སྡེ་ཚན་ཕྱེ་ནས་བལྟས་ན། ཟླ་དང་པོ་ནས་བཞི་པའི་བར། ཁྱིམ་དུད་ཀྱི་དངུལ་བུན་སྒོར་དུང་ཕྱུར་5184འཕར་བ་དང་ཁེ་ལས(བྱ་གཞག)ཚན་པའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་9.27འཕར་བའི་ནང་དུས་ཡུན་རིང་འབྲིང་གི་དངུལ་བུན་སྒོར་དུང་ཕྱུར་ཁྲི་5.83འཕར་ཡོད་པ་རེད།

   གཞན་ཡང་ཟླ་དང་པོ་ནས་བཞི་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་12.55འཕར་བའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་སྒོར་དུང་ཕྱུར་ཁྲི་7.83འཕར་ཡོད་པ་རེད།

    གཞན་ཡང་། ཉིན་དེ་རང་ལ་ཁྱབ་བསྒྲགས་བྱས་པའི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གྲངས་གཞི་ལས་མངོན་པར། ཟླ་4པའི་ཟླ་མཇུག་ཏུ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་424ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བ་དང་། ཟླ་དང་པོ་ནས་བཞི་པའི་བར། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་16.34ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.61འཕར་ཡོད་པ་རེད།