འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་13ཉིན།

༄༅།།སི་ཁྲོན་དཀར་མཛེས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཁེར་གཟུགས་འོད་ཤུགས་རྣམ་གྲངས་ལས་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་13ཉིན། 14:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

2025ལོའི་ལོ་མཇུག་ཏུ་ཤོང་ཚད་ཆ་ཚང་ཟླ་སྒྲིལ་བཏང་ནས་གློག་གཏོང་འགོ་ཚུགས་རྒྱུ་དང་བསྐྲུན་ཟིན་རྗེས་ལོ་ལྟར་ལྗང་མདོག་གློག་ཏུའུ་དུང་ཕྱུར་21གཏོང་ཐུབ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། སི་ཁྲོན་ཞིང་ཆེན་གྱི་སྐྲུན་མུས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཁེར་གཟུགས་འོད་ཤུགས་རྣམ་གྲངས་ཧྭ་གློག་ནུས་རྒྱུ་གསར་པའི་རྫོང་རྩའི་ཆན་ཝ་ཁྲི་120ཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཤིང་། རྣམ་གྲངས་དེ་ནི་ཀྲུང་གོ་ཧྭ་གློག་གིས་འབྲི་ཆུའི་སྟོད་རྒྱུད་ས་ཁོངས་སུ་མ་རྩ་བཏང་ནས་བསྐྲུན་པ་ཞིག་རེད།

ཧྭ་གློག་ནུས་རྒྱུ་གསར་པའི་རྫོང་རྩའི་ཆན་ཝ་ཁྲི་120ཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་དུ་གནས་ཤིང་། ས་བཟུང་རྒྱ་ཁྱོན་མུའུ་ཁྲི་2.5ཡོད་པ་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙོ་གནད་འཛུགས་སྐྲུན་བྱེད་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་ནུས་རྒྱུ་གསར་པའི་གློག་གཏོང་སྣེ་ཁྲིད་ཀྱི་ལས་གྲྭ་ཞིག་རེད། འོད་ཤུགས་རྣམ་གྲངས་དེར་འབྲོག་ལས་དང་འོད་ཤུགས་གསབ་རེས་ཀྱི་གསར་སྤེལ་རྣམ་པ་སྤྱད་ཡོད་པ་དང་220kvཡི་རིག་ནུས་གློག་ཤུགས་འཕར་ཚུགས་དང་རིག་ལྡན་བཀོལ་སྤྱོད་བདག་སྐྱོང་གི་ལས་སྟེགས་གཉིས་ལྷན་སྦྱར་འཛུགས་སྐྲུན་བྱས་ཡོད་པས་ཆུ་འོད་གསབ་རེས་རིག་ནུས་བཀོད་གཏོང་བྱེད་ཐུབ་ཀྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ལག་ལེན་བསྟར་ནས་གློག་གཏོང་འགོ་ཚུགས་རྗེས། དེ་ལས་ཐོན་པའི་གློག་ནུས་ཀྱིས་འབྲི་ཆུའི་སྟོད་རྒྱུད་ཀྱི་རིམ་པ་བདུན་པའི་ཆུ་གློག་ས་ཚིགས་ཀྱི་གློག་ནུས་རྣམས་གློག་དྲ་བརྒྱུད་ནས་ཆུ་འོད་གསབ་རེས་མཉམ་འབྲེལ་བཀོད་གཏོང་བྱེད་ཐུབ་རྒྱུ་མ་ཟད། འབྲི་ཆུའི་སྟོད་རྒྱུད་དང་ཧུའུ་པེའི་ཆན་ཧྥུའུ་±800ཡི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་གཏོང་ལས་གྲྭ་བརྒྱུད་ནུས་རྒྱུ་གཙང་མའི་གློག་ནུས་འཕྲལ་དུ་ཧྭ་ཀྲུང་ས་ཁུལ་དུ་གཏོང་ཐུབ་རྒྱུ་རེད།

གྲབས་འཛུགས་དུས་ཀྱི་ལས་གྲྭ་ལག་བསྟར་བྱས་ཚུན། རྣམ་གྲངས་ཕྱོགས་ཀྱིས་ཕྱོགས་གཅིག་ནས་ལས་གྲྭ་འཛུགས་སྐྲུན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱས་ཡོད། “ལས་འགོ་མ་བཙུགས་གོང་ང་ཚོས་ན་ཁ་དུམ་བུར་བཟོས་ནས་བཀོག་སྟེ་དྲོད་ཁང་བརྒྱབ་ནས་ཚན་རིག་དང་མཐུན་པའི་ངང་གཡོག་བྱེད་དང་ཉར་ཚགས་བྱས་པ་དང་། འཛུགས་སྐྲུན་ཟིན་རྗེས་བསྐྱར་དུ་བཏིང་ནས་བེད་སྤྱོད་བྱས་ཏེ་སྔོ་ཁེབས་ལ‘ཁང་པ་གསར་པ་བརྒྱབ་པ་དང་ཁང་པ་གསར་པར་སྤོས་པ’མ་ཟད། འོད་ཤུགས་ར་བའི་སྐྱེ་ཁམས་ཀྱི་ཆ་རྐྱེན་ལ་གཞིགས་ནས་དེ་གར་འཚམ་པའི་རྩི་ཤིང་ལ་ཞིབ་འཇུག་བྱས་ཏེ་རི་ཁམ་སོགས་གྲང་ངར་དང་ཐན་པ་བཟོད་ཐུབ་པའི་ཁར་ལྟ་སྣང་དོད་པའི་རྩི་ཤིང་བདམས་ནས་བཏབ་ཡོད”ཅེས་དབྱང་ཞའོ་ཏུང་གིས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་སྔོན་དཔག་བྱས་ན། 2025ལོའི་ལོ་མཇུག་ཏུ་ཤོང་ཚད་ཆ་ཚང་ཟླ་སྒྲིལ་བཏང་ནས་གློག་གཏོང་འགོ་ཚུགས་རྒྱུ་དང་། བསྐྲུན་ཟིན་རྗེས་ལོ་ལྟར་ལྗང་མདོག་གློག་ཏུའུ་དུང་ཕྱུར་21གཏོང་ཐུབ་རྒྱུ་ཡིན་པ་དེས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་162ཙམ་ཉུང་དུ་ཕྱིན་པ་དང་འདྲ་པོ་ཡོད་པ་རེད།

(བསྟན་བློས་བསྒྱུར། པད་ཆོས་ཀྱིས་ཞུས)