གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་12ཉིན། 13:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ནི་བསྟན་འཛིན་སྒྲོལ་དཀར་དང་མཉམ་ལས་ཁང་གི་བུད་མེད་ཚོས་པང་གདན་འཐག་བཞིན་པ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་གྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བསྟན་འཛིན་སྒྲོལ་དཀར་གྱིས་ལོ་13ནས་བཟུང་ཨ་མའི་ས་ནས་པང་གདན་འཐག་སྟངས་སྦྱངས་ཤིང་། བལ་འཁྲུ་བ་དང་། རྒྱུ་སྤུན་འཁེལ་བ། ཚོས་རྒྱག་པ་བཅས་ནས་པང་གདན་འཐག་པའི་བར་གྱི་བརྒྱུད་རིམ་ཚང་མ་ཁོང་གིས་སེམས་ལ་བརྟན་པོར་ངེས་ཡོད་པ་རེད།
2006ལོར་བོད་རིགས་ཀྱི་པང་གདན་འཐག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་མིང་གཞུང་ནང་བཅུག་པ་རེད།
བསྟན་འཛིན་སྒྲོལ་དཀར་གྱིས་མཉམ་ལས་ཁང་གཉེར་སྐྱོང་བྱས་རྗེས་ཐོན་རྫས་གསར་གཏོད་ཧུར་ཐག་བྱས་ཏེ། པང་གདན་གྱི་འཇའ་རིས་དང་ཚོན་ཁྲ་དག་ས་གདན་དང་། རྒྱབ་སྙེས། ལག་ཐོགས་ཁ་པར་གྱི་ཤུབས་སོགས་ཀྱི་ཐོན་རྫས་ཐོག་བརྒྱབ་པ་རེད། མཉམ་ལས་ཁང་གི་ཐོན་རྫས་ཕྱི་རྒྱལ་གྱི་རྒྱལ་ཁབ་10ལྷག་ཙམ་ལ་བཙོངས་པར་རྒྱ་ཆེའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
(པར་རིས་ཚང་མ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་ཟླས་པར་བླངས)
འདི་ནི་བསྟན་འཛིན་སྒྲོལ་དཀར་གྱིས་པང་གདན་འཐག་བཞིན་པ།
འདི་ནི་བསྟན་འཛིན་སྒྲོལ་དཀར་གྱིས་པང་གདན་བཀྲམ་བཞིན་པ།
འདི་ནི་བསྟན་འཛིན་སྒྲོལ་དཀར་གྱིས་བརྙན་པར་བརྒྱབ་ནས་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་བསྟན་འཛིན་སྒྲོལ་དཀར་གྱིས་བརྙན་པར་བརྒྱབ་ནས་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་བསྟན་འཛིན་སྒྲོལ་དཀར(གཡས)གྱིས་མཉམ་ལས་ཁང་གི་ལས་མི་དང་མཉམ་དུ་པང་གདན་གྱི་བལ་སྐུད་ལ་ལྟ་བཞིན་པ།