འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་12ཉིན།

༄༅།།མཚོ་སྔོན་གྱི་གྲོང་གསེབ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏའ་འཇོག་དངུལ་གཡར་ཐོག་མ་དོན་འཁྱོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་12ཉིན། 13:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གཏམ་བཟང་བསྒྲགས་པ་ལྟར་ན། གྲོང་གསེབ་ཀྱི་ས་ཞིང་ཐོན་ཁུངས་ཕན་སྒྱུར་དང་ཞིང་དུད་ཀྱི་རྒྱུ་ནོར་ཁེ་དབང་ཆེ་རུ་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་མཛུབ་ཁྲིད་བྱས་ཏེ་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཞི་པའོ་གྲོང་རྡལ་ཏུང་པའོ་གྲོང་ཚོའི་ཁེ་ལས་ལ་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏའ་འཇོག་དངུལ་གཡར་ཐོག་མ་སྒོར་ཁྲི་560བཏང་བ་དེས་ཞིང་ཆེན་ཡོངས་སུ་ཡུན་རིང་གནས་པའི་གྲོང་གསེབ་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏའ་འཇོག་ཐོ་འགོད་དཀའ་བ་དང་། དཔྱད་དཔོག་དཀའ་བ། འཁོར་རྒྱུག་ཁྲོམ་ར་འཐུས་ཚང་མེད་པ་སོགས་ཀྱི་དཀའ་གནད་བདེ་བླག་ངང་བསལ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོའི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་དངུལ་རྩས་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་ཡོད། དེ་དང་དུས་མཚུངས་སུ་དངུལ་རྩའི་སྒྲིག་གཞིར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་རྒྱུ་ནོར་ཐོན་ཁུངས་སྣ་ཚོགས་སྔོག་འདོན་གང་ལེགས་བྱས་ནས་ནགས་དབང་གཏའ་འཇོག་དངུལ་གཡར་དང་ས་རྒོད་གསར་སྦོལ་གྱི་གཞུང་ཁོངས་ཞིང་སྤྱོད་ས་ཆ་བེད་སྤྱོད་དབང་ཆ་གཏའ་འཇོག་དངུལ་གཡར་དང་ཕྱུགས་རིགས་གསོན་པོ་གཏའ་འཇོག་དངུལ་གཡར་སོགས་མ་དངུལ་བསྡུ་སྒྲིལ་བྱེད་སྟངས་གསར་པ་རབ་དང་རིམ་པ་གསར་གཏོད་བྱས་ནས། ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོའི་སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཏན་ཏིག་ངང་བསྐངས་ཡོད། 2025ལོའི་ཟླ་3པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ནགས་དབང་གཏའ་འཇོག་དངུལ་གཡར་གྱི་ལྷག་དངུལ་སྒོར་དུང་ཕྱུར་4.3དང་། ས་རྒོད་གསར་སྦོལ་གཞུང་ཁོངས་ཞིང་སྤྱོད་ས་ཆ་བེད་སྤྱོད་དབང་ཆའི་གཏའ་འཇོག་དངུལ་གཡར་གྱི་ལྷག་དངུལ་སྒོར་དུང་ཕྱུར་1.4ཟིན་ཞིང་། རིམ་རྩིས་བརྒྱབ་ན་ཕྱུགས་རིགས་གསོན་པོ་གཏའ་འཇོག་དངུལ་གཡར་སྒོར་དུང་ཕྱུར་19.7ཟིན་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)