འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་8ཉིན།

༄༅།།མི་2577བསྡུ་རྒྱུ་དང་། དེ་རིང་ནས་མིང་ཐོ་བཀོད་ཆོག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་08ཉིན། 14:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱིས་2025ལོའི་ལོ་འཁོར་གྱི་གཞུང་ལས་པ་གསབ་བསྡུའི་མིང་ཐོ་འགོད་རྒྱུ་ཡིན་པ་དང་། རྒྱུགས་ལེན་མཁན་གྱིས་ཟླ་5ཚེས་8ཉིན་གྱི་ཆུ་ཚོད་8:00པ་ནས་ཟླ་5ཚེས་10ཉིན་གྱི་ཆུ་ཚོད་18:00པ་བར་དུ་“ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2025ལོའི་ལོ་འཁོར་གྱི་རྒྱུགས་ལེན་གཞུང་ལས་པ་བསྡུ་ལེན་གྱི་ཆེད་དོན་དྲ་ཚིགས་”(http://bm.scs.gov.cn/kl2025)སུ་ཐོ་བཀོད་དེ། དྲ་ཐོག་ནས་མིང་ཐོ་བཀོད་ཆོག་པ་དང་། ངོ་རྒྱུགས་ནི་ཟླ་5པའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ལེན་རྒྱུ་རེད།

    ད་ཐེངས་ཀྱི་གསབ་བསྡུའི་ནང་ཁྱོན་སྡེ་ཚན་27ཞུགས་ཡོད་པ་དང་། མི་2577བསྡུ་འཆར་ཡོད་ཅིང་། དེའི་ནང་སློབ་མཐོའི་སློབ་ཐོན་སློབ་མ་1900ལྷག་ཙམ་བསྡུ་འཆར་ཡོད་པ་རེད། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི་2025ལོའི་ལོ་འཁོར་རྒྱུགས་ལེན་གཞུང་ལས་པ་བསྡུ་བའི་ཡིག་རྒྱུགས་ནང་ཞུགས་པ་དང་། སྤྱི་པའི་བསླབ་ཚན་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཚད་ལྡན་ཡིན་མོད། འོན་ཀྱང་དེ་སྔའི་རྒྱུགས་སྤྲོད་ལས་གནས་སུ་བསྡུས་མེད་པའི་མི་སྣས་མིང་ཐོ་བཀོད་ཆོག