ཚོང་འདུས་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་དུས་མཚུངས་ལས་20%འཕར་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་22ཉིན། 14:31】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་19ཉིན། སྐབས་137པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)དུས་ཐེངས་དང་པོ་མཇུག་འགྲིལ་བ་རེད། ཟླ་4ཚེས་19ཉིན་བར། རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་148585ཚོང་འདུས་ལ་ཞུགས་པ་དང་མི་གྲངས་དུས་མཚུངས་ལས་20.2%འཕར་ནས་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་གསོན་ཤུགས་དང་མཉེན་ཆ་མངོན་ཡོད།
སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་གསར་དར་ཁྲོམ་རའི་ཉོ་སྒྲུབ་ཚོང་པའི་གྲངས་འབོར་མང་དུ་ཕྱིན་པ་དང་ལྷག་པར་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ལ་ཞུགས་པའི་མི་གྲངས་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་དང་པོར“སྔོན་ཐོན་བཟོ་སྐྲུན”བརྗོད་དོན་གཙོ་བོར་བྱས་ནས་ཞབས་ཞུའི་འཕྲུལ་མིའི་ཆེད་ཁུལ་དང་འདུས་གྲུབ་ཁང་པའི་ཆེད་ཁུལ་ཐོག་མར་གསར་འཛུགས་བྱས་པ་མ་ཟད། རིག་ནུས་བཟོ་སྐྲུན་དང་ནུས་རྒྱུ་གསར་པ་སོགས་གསར་དར་ཐོན་ལས་ལ་དམིགས་པས་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པས“ཀྲུང་གོའི་རིག་ནུས་བཟོ་སྐྲུན”ལ་དོ་ཁུར་བྱ་རྒྱུར་ཡིད་དབང་བཀུག་ཡོད།