འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་22ཉིན།

༄༅།།དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ལ་འཕར་ཐང་སྒོར་དུང་ཕྱུར་ཁྲི་2.6མངོན་འགྱུར་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་22ཉིན། 14:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན། ཀྲུང་དབྱང་ཁེ་ལས་ཀྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བློ་རྩ་བརྟན་པོས་ཁ་གཏད་བཅག་ནས་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་ཅིང་། དུས་ཚིགས་དང་པོར་རིམ་རྩིས་བརྒྱབ་ན་འཕར་ཐང་སྒོར་དུང་ཕྱུར་ཁྲི་2.6དང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་6462.7མངོན་འགྱུར་བྱུང་བ་དང་། དེའི་ནང་ཁེ་ལས་26གི་ཁེ་སྤོགས་འཕར་ཚད་10%ལས་བརྒལ་ཡོད།

དུས་ཚིགས་དང་པོར་ཀྲུང་དབྱང་ཁེ་ལས་ཀྱིས་ནུས་ལྡན་མ་འཇོག་བྱེད་ཚད་མུ་མཐུད་ཆེ་རུ་བཏང་བ་དང་། “གཙོ་གནད་གཉིས”དང“གསར་པ་གཉིས”ཀྱི་རྣམ་གྲངས་གལ་ཆེན་ལ་མ་དངུལ་གཏོང་ཚད་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8513ཟིན་ཞིང་། དེའི་ནང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་6.6%འཕར་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་ཕྱིར་འཚོང་བྱས་པའི་གློག་ཚད་དང་། མཁའ་འགྲུལ་སྐྱེལ་འདྲེན་གྱི་སྤྱིའི་འཁོར་རྒྱུག་བྱེད་ཚད། དོས་སྒམ་འདོན་འཇུག་བྱེད་ཚད། མ་བཅོས་རྡོ་སྣུམ་དང་རྡོ་སོལ་ཐོན་ཚད་སོགས་དངོས་པོའི་དམིགས་ཚད་གལ་ཆེན་བརྟན་པོའི་ངང་འཕར་བ་དང་། གཉེར་སྐྱོང་ཕན་འབྲས་འཕར་བ་དེ་ཁྲོམ་ར་ཆེན་པོ་ལས་རྒྱལ་བ་དང་ལས་རིགས་ཀྱི་སྔོན་གྲལ་དུ་སླེབས་པས“འགོ་ཚུགས་བཀྲ་ཤིས”བྱུང་ཡོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བདེ་དབང་གིས་ཞུས)