གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:52】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་15ཉིན། པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་《པེ་ཅིང་གྲོང་ཁྱེར་གྱི་2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་གསེབ་ཏུ་ཞིང་ལས་རོགས་སྐྱོར་ལས་དོན་སྤེལ་བར་གདན་འདྲེན་ཞུ་རྒྱུའི་སྤྱི་བསྒྲགས་》ཁྱབ་བསྒྲགས་བྱས་ནས་2025ལོའི་གྲོང་གསེབ་དར་རྒྱས་མཐུན་སྦྱོར་མི་སྣ་གདན་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་རེད། ད་ལོ་པེ་ཅིང་གྲོང་ཁྱེར་གྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་473གཞོགས་འདེགས་པའི་འགན་འཁུར་བར་གདན་འདྲེན་ཞུས་ནས། གྲོང་གསེབ་ཏུ་ཞིང་ལས་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
ད་ཐེངས་གདན་ཞུའི་ལོ་ཚད་ལོ་30མན་གྱི་པེ་ཅིང་སློབ་མའི་སློབ་ཁུངས་དང་ལོ་གཉིས་ནང་ལས་ཀར་མ་ཞུགས་པའི་སློབ་ཐོན་སློབ་མར་ཕྱོགས་ནས་གྲོང་གསེབ་ཏུ་རྩ་བ་ཚུགས་འདོད་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བའི་བྱ་གཞག་ལ་ཞབས་འདེགས་ཞུ་བར་སྐྱོད་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་པ་རེད། རྒྱུགས་ལེན་མཁན་གྱིས་པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྤྱོད་མཁན་ལྟེ་གནས་ཀྱི་ལེ་ཚན་དུ་ཐོ་འགོད་དང་ཐོ་འགོད་བྱས་རྗེས་ཞབས་ཞུའི་རེའུ་མིག་ཁྲོད་“སྤྱི་ཚོགས་སུ་གདན་ཞུའི་རྒྱུགས་ལེན་”བདམས་ནས་རྒྱུགས་ལེན་གྱི་རེ་བ་ཞུ་དགོས། གཞོགས་འདེགས་པའི་ཞབས་ཞུའི་དུས་ཡུན་ལོ་ལྔ་ཡིན་པ་དང་གན་རྒྱ་འཇོག་ཡུན་ཐིམ་རྗེས་པེ་ཅིང་གྲོང་ཁྱེར་གྱིས་གཞུང་ལས་པར་ཁ་ཕྱོགས་གཏན་འཁེལ་གྱིས་བསྡུ་ལེན་བྱ་རྒྱུ་དང་། བྱ་ལས་ཚན་པའི་ཆེད་དོན་གདན་ཞུ། མུ་མཐུད་ནས་སློབ་སྦྱོང་དང་ཟབ་སྦྱོང་ལ་རྒྱབ་སྐྱོར་བྱེད་པ། གསར་གཏོད་ལས་གཏོད་ལ་སྐུལ་མ་གཏོང་བ་སོགས་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་སྣ་ཚོགས་བརྒྱུད་གན་རྒྱ་འཇོག་ཡུན་ཐིམ་པའི་གཞོགས་འདེགས་པ་སྤུས་ཚད་མཐོན་པོར་འཁོར་སྐྱོད་འཕེལ་རྒྱས་ཡོང་བའི་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།