གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:52】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་15ཉིན་གྱི་དགོང་མོར་དབྱི་ཐྭ་ལིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་སྤྱི་དམངས་རོ་མ་རུ་གནོད་འཚེ་ཕོག་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ།
དྲི་བ། དབྱི་ཐྭ་ལིའི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་4ཚེས་14ཉིན་གྱི་དགོང་མོར། ཀྲུང་གོའི་སྤྱི་དམངས་གཉིས་རོ་མའི་ཕི་ཉེ་ཐོ་ཁུལ་གྱི་ཉེ་འགྲམ་དུ་རྐྱེན་ལམ་དུ་ཤོར་བ་རེད། གཞུང་ཚབ་ཁང་གིས་འདིར་ལན་ཅི་ཞིག་བསློག་རྒྱུ་ཡིན་ནམ།
དྲིས་ལན། དབྱི་ཐྭ་ལིར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གིས་གྱོད་གཞི་དེར་དོ་ཁུར་ཆེན་པོར་བྱས་ནས། སྤུན་ཟླ་གཉིས་སྟབས་མ་ལེགས་པར་གནོད་འཚེ་ཕོག་པར་མྱ་ངན་ཟབ་མོ་ཞུས་པ་དང་། གནོད་འཚེ་ཕོག་མཁན་གྱི་ནང་མིར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ང་ཚོའི་གཞུང་ཚབ་ཁང་གིས་འབྲེལ་ཡོད་གནས་ཚུལ་ཤེས་རྗེས། དུས་ཐོག་ཏུ་ས་གནས་དེ་གའི་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ནས་དོ་ཁུར་བྱས་ཡོད། གྱོད་གཞི་གང་མགྱོགས་ཐག་གཅོད་བྱས་ནས་ལག་དམར་ལ་ཆད་པ་གཅོད་དགོས་པའི་སྐུལ་ལྕག་བྱས་ཡོད། ང་ཚོའི་གཞུང་ཚབ་ཁང་གིས་འདས་པོའི་ནང་མི་དང་འབྲེལ་བ་བྱས་ཡོད་པ་མ་ཟད། དགོས་ངེས་ཀྱི་རོགས་རམ་ཡང་བྱས་ཡོད། ང་ཚོའི་གཞུང་ཚབ་ཁང་གིས་གྱོད་གཞིའི་འཕེལ་རིམ་ལ་མུ་མཐུད་དོ་ཁུར་ཟབ་མོར་བྱ་རྒྱུ་ཡིན།