འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཝེ་ཐེ་ནམ་གྱི་སྐད་ཡིག་དཔར་མ)གཏོང་སྤེལ་བྱེད་འགོ་ཚུགས་པ།

ཀྲུང་ཝེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་14ཉིན། 《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཝེ་ཐེ་ནམ་གྱི་སྐད་ཡིག་དཔར་མ)ཝེ་ཐེ་ནམ་དུ་གཏོང་སྤེལ་བྱེད་འགོ་ཚུགས་པ་རེད། ཉིན་དེར། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཝེ་ཐེ་ནམ་བརྙན་འཕྲིན་ལས་ཁུངས་དབར་གྱི་མཉམ་ལས་མཛད་སྒོ་སྟེ། ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ཧ་ནོ་དབྱི་རུ་སྤེལ་བ་རེད།

《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(ཝེ་ཐེ་ནམ་གྱི་སྐད་ཡིག་དཔར་མའི)ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ་དང་གཏམ་བཤད་ཁྲོད་ནས་དྲངས་གནང་བའི་ཀྲུང་གོའི་གནའ་དཔེ་དང་གསུང་རབ་ཀྱི་ཚིག་གྲུབ་གྲགས་ཅན་གདམ་ག་ཞིབ་ཚགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། གཏིང་ཟབ་པའི་མི་ཆོས་རིག་གནས་ཀྱི་བརྩེ་སེམས། དེ་བཞིན་རྒྱ་ཆེ་བའི་ལོ་རྒྱུས་ཆེན་པོའི་ལྟ་བ་དང་འཇིག་རྟེན་ལྟ་བ་བཅས་ངོ་མཚར་ཆེན་པོས་མངོན་ཏེ་ཝ་ཐེ་ནམ་གྱི་ལྟ་ཉན་བྱེད་མཁན་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་ཀྱི་རྨང་གཞི་བསྟན་ཡོད།

ས་གནས་ས་ཐོག་ཏུ་ད་དུང“ཀྲུང་གོ་དང་ཝེ་ཐེ་ནམ་སྨྱན་སྦྱོར་གྱི་གཞོན་ནུ་རྒྱལ་མཚམས་བསྒྲལ་ནས་སྐྱོད་པའི”བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་གསར་འགོད་པ་ཀོང་ཤིས་དང་། ཡུན་ནན། ཧུའུ་པེ། ཐེན་ཅིན་སོགས་སུ་མཉམ་དུ་འཚམས་འདྲིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དུས་རབས་གསར་པའི་ཀྲུང་གོའི་གསོན་ཤུགས་མྱོང་ཚོར་བྱས་ཏེ་ལྟ་ཞིབ་དང་སྤེལ་རེས་གཏིང་ཟབ་ནང་ཤེས་རྟོགས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད།

(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)