འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་3ཉིན།

༄༅།།ས་ཆ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་03ཉིན། 14:58】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཟླ་4ཚེས་3ཉིན་གྱི་ཆུ་ཚོད་8ནས་ཚེས་4ཉིན་གྱི་ཆུ་ཚོད་8པའི་བར། ཞིན་ཅང་གི་ཐེན་ཧྲན་རི་རྒྱུད་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། ནང་སོག་གི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ཞིང་། དེའི་ནང་བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་5ནས་9བར།)

ཟླ་4ཚེས་4ཉིན་གྱི་ཆུ་ཚོད་8ནས་ཚེས་5ཉིན་གྱི་ཆུ་ཚོད་8པའི་བར། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའི་བར་རམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་ཡིན་ཞིང་། དེའི་ནང་བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་དང་། ས་ཁུལ་ཁག་ཅིག་ཏུ་ཁ་བ་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། (ཧོ་སྨི་10ནས་13བར།)