གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་03ཉིན། 14:53】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་2ཉིན། རྒྱལ་ཁབ་གནས་སྤོས་དོ་དམ་ཅུས་ལས་ཁུངས་དང་དེ་བཞིན་ཁོངས་གཏོགས་ཀྱི་སྤྱི་ཁྱབ་ལས་ཁུངས་རིམ་པའི་ཚན་པ་ཁག་གིས་2025ལོའི་ལོ་འཁོར་གྱི་མཐའ་མཚམས་སྲུང་བའི་དྲན་རྟེན་རྟགས་མ་སྤྲོད་པའི་མཛད་སྒོ་གཅིག་གྱུར་ཐོག་སྤེལ་ནས། མཐའ་མཚམས་སྲུང་མཁན་མི་དམངས་ཉེན་རྟོག་པ་1429ལ་སོ་སོར་རྒྱལ་ཁབ་གནས་སྤོས་དོ་དམ་སྒྲིག་གཞིའི་མཐའ་མཚམས་སྲུང་བའི་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་བཅས་གནང་བ་རེད།
《རྒྱལ་ཁབ་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞིས་མཐའ་མཚམས་སྲུང་བའི་དྲན་རྟེན་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཡོངས་དང་མཐའ་མཚམས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་རིགས་གསུམ་ཡན་དུ (དེ་སྔ་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་རིགས་གསུམ་ཡན་དུ་ལས་ཀ་བྱེད་མྱོང་བའི་མཐའ་མཚམས་སྲུང་མཁན་མི་དམངས་ཉེན་རྟོག་པ་ཚུད་ཡོད།) རིམ་རྩིས་བྱས་ན་ལོ་30དང་། ལོ་20 ལོ་10ལ་ལས་ཀ་བྱས་མྱོང་བའི་སྒྲིག་ཁོངས་སུ་ཡོད་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་སོ་སོར་གསེར་གྱི་རྟགས་མ་དང་། དངུལ་གྱི་རྟགས་མ། ཟངས་ཀྱི་རྟགས་མ་གནང་བ་དང་ལོ་རེར་ཐེངས་རེ་སྤྲོད་རྒྱུ་རེད། 2022ལོར་བཙུགས་ཚུན་ལོ་རེར་མཐའ་མཚམས་སྲུང་མཁན་མི་དམངས་ཉེན་རྟོག་པ་ཁག་ཅིག་ལ་མཐའ་མཚམས་སྲུང་བའི་དྲན་རྟེན་རྟགས་མ་ཐོབ་པ་དང་ད་ལོ་ནི་སྤྲོད་ཐེངས་གསུམ་པ་རེད།