གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་03ཉིན། 13:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མཚོ་བོད་ས་མཐོའི་ཤར་ལྷོའི་ཡུན་ནན་ཧོ་ཆིང་རྫོང་ལུང་ཐན་རྗེས་ཤུལ་ལ་རིག་ཚན་མང་པོའི་ཕྱོགས་བསྡུས་ཞིབ་འཇུག་བྱས་པ་བརྒྱུད། ཚན་རིག་ཞིབ་འཇུག་ཚོགས་པས་ཨེ་ཤ་ཡ་ཤར་མའི་ས་ཁུལ་ནས་ཁྱད་ཆོས་མངོན་གསལ་ཡོད་པའི་རྡོ་ཆས་རྙིང་པའི་དུས་དཀྱིལ་གྱི་ཅི་ན་ལག་རྩལ་མ་ལག་ཐོག་མར་རྙེད་པ་ལས། ཉི་ཨན་ཏེ་ཐེ་བ་ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་ཡུལ་སྤོས་མྱོང་ཤས་ཆེ་བ་མངོན། ཉེ་ཆར་ཞིབ་འཇུག་གི་གྲུབ་འབྲས《ཨ་རིའི་ཚན་རིག་ཁང་གི་དུས་དེབ》ཐོག་བཀོད་ཡོད།