འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་1ཉིན།

༄༅།།རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ཆན་ཝ་དུང་ཕྱུར་20ལས་ཐོག་མར་བརྒལ་བ།

འབྲི་ཆུའི་འགག་གསུམ་གློག་ཁང་80ལྷག་ཙམ་གྱི་གློག་འདོན་ཤུགས་དང་མཚུངས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 10:46】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་2པའི་ཟླ་མཇུག་བར་རང་རྒྱལ་གྱི་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ཆན་ཝ་དུང་ཕྱུར་20ལས་ཐོག་མར་བརྒལ་ནས། དུས་མཚུངས་ལས་23.3%འཕར་ཡོད། ཆན་ཝ་དུང་ཕྱུར་20དེ་འབྲི་ཆུའི་འགག་གསུམ་གློག་ཁང་80ལྷག་ཙམ་གྱི་གློག་འདོན་ཤུགས་དང་མཚུངས་པ་དང་རང་རྒྱལ་གྱི་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

2021ལོར་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་10ལས་ཐོག་མར་བརྒལ་བ་དང་2023ལོར་བསྟུད་མར་དུང་ཕྱུར་13དང་། དུང་ཕྱུར་14 དུང་ཕྱུར་15བཅས་ལས་སོ་སོར་བརྒལ་བ། འདི་ལོའི་ཟླ་2པའི་ཟླ་མཇུག་ཏུ་གཞི་ཁྱོན་ཆན་ཝ་དུང་ཕྱུར་20ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་གཏོང་བའི་གཞི་ཁྱོན་ལྡབ་འཕར་བྱུང་བ་དང་རིམ་རྩིས་བརྒྱབ་ན་103%ལས་བརྒལ་ཡོད།

སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་ནས་བལྟས་ན། འདི་ལོའི་ཟླ་2པའི་ཟླ་མཇུག་བར་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱིས་རྒྱལ་ཡོངས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་བའི་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་58.8%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.2འཕར་བ་དང“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་རིམ་རྩིས་བརྒྱབ་ན་བརྒྱ་ཆའི་གྲངས་14འཕར་ཡོད།