འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་1ཉིན།

༄༅།།“ཁ་བཤད་ལག་བསྟར་དང་ཁས་ལེན་དོན་དུ་འཁྱོལ་དགོས”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་01ཉིན། 10:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་གྱི་གསར་འགོད་པ། ཅིན་ཀྲེང་པོ།

ཟླ་3ཚེས་17ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་ཀྲོའུ་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིང་ཏུང་རིགས་གྲོང་སྡེར་ཕེབས་ནས་བརྟག་ཞིབ་གནང་སྐབས་ཡུལ་མི་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཀྱིས་དར་རྒྱས་སྐོར་གླེང་མོལ་གནང་ཡོད།

“བརྟག་དཔྱད་ཞིབ་འཇུག་ལེགས་སུ་གཏོང་བ”དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དོན་ཚན་དང་པོར་ཡོད་པ་དང“མང་ཚོགས་ལ་སློབ་སྦྱོང་དང་ལག་ལེན་ལ་སློབ་སྦྱོང་བྱེད་དགོས་པའི”བླང་བྱ་ཁ་གསལ་བཏོན་ཡོད། ལོ་འདི་དག་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོང་དཔེ་འོག་སྟོན་དང་། ཉམས་ལེན་འབད་སྒྲུབ། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་བཅས་གནང་སྟེ་ཞབས་རྗེས་ས་ཕྱོགས་གང་སར་བཞག་ཡོད།

2012ལོའི་ཟླ་12ཚེས་4ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ལས་ཀའི་སྤྱོད་ཚུལ་ལེགས་གཏོང་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དེ་ནི“རླུང་འཚུབ་ཐེངས་གཅིག”ཡིན་མིན་དང་། “དོ་དམ་བྱེད་ཐུབ་མིན”སྐོར་ལ་སྐབས་དེ་དུས་མི་ལ་ལས་སེམས་ཁྲལ་བྱེད་མྱོང་ཡོད།

“རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་དཔེ་གཞན་སྟོན་དང་། སྣེ་ཁྲིད་ནས་མིག་དཔེ་སྟོན་པ། ཁ་བཤད་ལག་བསྟར་དང་ཁས་ལེན་དོན་དུ་འཁྱོལ་བ་བཅས་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་རང་ངོས་ནས་འགོ་རྩོམ་དགོས” 2013ལོའི་ཟླ་1ཚེས་22ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་བཀའ་མོལ་འདི་ཁ་བཤད་གནད་སྨིན་ཞིག་ཡོད།

སྒྲིག་ཁྲིམས་ནན་པོ་ནི་བཙན་ཞིང་དམ། འབད་བརྩོན་ལྷོད་མེད་ཀྱིས་ཁ་བཤད་ལག་བསྟར་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཏན་འབེབས་དོན་ཚན་བརྒྱད་ལས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་ནས་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ལ་ཏང་སེམས་དང་དམངས་སེམས་ཀྱང་སྔར་བས་གཅིག་སྒྲིལ་བྱུང་ཡོད།

ངེས་པར་དུ“ཁ་བཤད་ལག་བསྟར”བྱེད་དགོས་དོན་གང་ཡིན་ནམ། དེ་ནི་བློ་ཕྱོགས་གཏད་མིན་དང་འབྲེལ་བ་ཡོད་པས་ཏང་དང་རྒྱལ་ཁབ་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་ཀྱི་ཡོད།

2013ལོའི་ཟླ་7ཚེས་11ཉིན། ཧོ་པེ་ཤིས་པའེ་ཕོ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕིང་ཧྲན་རྫོང་གི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་། དེ་བཞིན་ཏང་ཡོན་རྒན་གྲས་དང་། མང་ཚོགས་ཀྱི་འཐུས་མི་བཅས་དང་བཞུགས་མོལ་གནང་སྟེ“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། བློ་མཐུན་ཞིག་གིས“མི་སེར་གྱི་འཚོ་བ་ནི་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡང་ང་ཚོ་དང་བར་ཐག་རིང་དུ་འགྲོ་བཞིན་པའི་སྣང་བ་ཡོང་གི་འདུག”ཅེས་དོགས་གནད་ཐད་ཀར་བརྗོད།

“ལོ་60ལྷག་ཙམ་འདས་ཟིན་ཡང་ཏང་གི་མདུན་དུ་ལྷག་པའི‘རྒྱུགས་འབུལ’ད་དུང་མཇུག་སྒྲིལ་མེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒམ་ནན་ངང་གསུངས།

ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ཡིན་ལ། བློ་ཕྱོགས་གཏད་མིན་ལ་ལྟ་ཞིབ་བྱེད་པའི་མེ་ལོང་ཡང་རེད། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཚེ་ཏང་གཞི་ནས་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་གནས་ཐུབ་ལ་དམངས་སེམས་ཀྱང་འགུག་ཐུབ།

“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་ལག་ལེན་བསྟར་བ་ནི་རང་རེའི་ཏང་གི་དུས་རབས་གསར་པའི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་ཡིན་པས་ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ཤིང་། ལོ་བཅུས་མ་འདང་ན་ལོ་ཉི་ཤུ་དང་། ལོ་ཉི་ཤུས་མ་འདང་ན་ལོ་སུམ་ཅུ་འབད་བརྩོན་བྱས་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་གོམས་སྲོལ་ངོ་མར་འགྱུར་བ་དང་ཏང་སྲོལ་བཟང་པོས་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་འདི་ནི་ཁ་གསལ་ཞིང་བློ་རྩ་བརྟན་པ་ཞིག་ཡོད།

ཇི་ལྟར་བྱས་ན་གཞི་ནས“ཁ་བཤད་ལག་བསྟར”ཐུབ་བམ། ཐོག་མཐའ་བར་གསུམ་དུ་ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་གཡོ་འགུལ་གཏོང་མི་རུང་།

བརྟག་ཞིབ་གཅིག་ལ་དོ་དོ་ནན་ནན་གནང་། 2019ལོའི་ཟླ་4ཚེས་15ཉིན་གྱི་ཞོགས་པ་སྔ་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་ནས་ཐོན་ཏེ་གནམ་གྲུར་བཞུགས་ནས་ཁྲུང་ཆིང་དུ་འབྱོར་ཞིང་། དེ་ནས་མེ་འཁོར་དང་རླངས་འཁོར་ལ་བཞུགས་ནས་ལ་ཀླུང་མང་པོ་བརྒྱབ་གནང་སྟེ་སྐུ་ངལ་གསོ་ཁོམ་ཡང་མ་བྱུང་བར་ཧྲི་ཀྲུའུ་ཐུའུ་ཅ་རིགས་རང་སྐྱོང་རྫོང་ཀྲུང་དབྱི་ཤང་ཧྭ་ཞི་གྲོང་ཚོར་ཕེབས་པའི་དམིགས་ཡུལ་ནི“‘སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ’དངོས་འབྲེལ་དོན་འཁྱོལ་བྱུང་ཡོད་མེད་ས་གནས་ས་ཐོག་ནས་མཁྱེན་འདོད་པའི”ཆེད་དུ་རེད།

མངགས་བཅོལ་གཅིག་ལས་ཆོད་སེམས་གསལ་འགྲེལ་བརྒྱབ། འདི་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“སློབ་སྦྱོང་སློབ་གསོའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་རང་རྟོགས་ངང་ཆེ་རུ་གཏོང་དགོས”དང“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་བས་གསལ་པོ་ཤེས་དགོས”ཞེས་བླང་བྱ་བཏོན་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་ནན་པོ་བསྟར་ཏེ་ཏང་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་སྐུལ་ཁྲིད་གནང་ཡོད།

“སྤྱོད་ཚུལ་ལེགས་སུ་གཏོང་བའི་གནད་དོན་ཐད་ང་ཚོས་ཕྱིར་གཤོལ་རྒྱག་མི་རུང་ལ་ཕྱིར་གཤོལ་ཡང་རྒྱག་ཐབས་མེད”

ལྔ་པའི་ཚེས་ལྔའི་དུས་ཆེན་སྐབས་གཞུང་གྲོན་སྤྱད་དེ་ལོ་སྒྲིལ་འབྲས་ཆན་སོགས་དུས་ཆེན་གྱི་ལག་རྟགས་ཉོ་བ་དང་། ཟླ་མཆོད་དུས་ཆེན་སྐབས་གཞུང་གྲོན་སྤྱད་དེ་ཟླ་མཆོད་བག་ལེབ་སོགས་དུས་ཆེན་གྱི་ལག་རྟགས་ཉོ་བ། དཔྱིད་གསར་དུས་ཆེན་སྐབས་གཞུང་གྲོན་སྤྱད་དེ་ཤོག་སྦག་ཚོན་ཁྲ་ཅན་སོགས་ལོ་གསར་མཁོ་ཆས་ཉོ་བ་སོགས། ཟླ་3ཚེས་29ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ཟླ་2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱོགས་སྡོམ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། འདི་ནི་བསྟུད་མར་ཟླ་བ་138རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ཞིག་རེད།

གནད་དོན་རེ་རེ་བཞིན་ཐག་གཅོད་དང་མཚམས་ཚིགས་རེ་རེ་བཞིན་བརྟན་སྲུང་བྱས་ནས་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་མཐོང་ཐུབ་པར་བྱས་ཡོད།

ཇི་ལྟར་བྱས་ན་ཐོག་མཐའ་བར་གསུམ་དུ“ཁ་བཤད་ལག་བསྟར”ཐུབ་བམ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

2024ལོའི་ཟླ་3ཚེས་19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། ཁྲང་ཏེ་གྲོང་ཁྱེར་ཏིང་ཁྲེང་ཆུས་ཤེ་ཅཱ་ཕུའུ་གྲོང་རྡལ་ཀང་ཀྲུང་ཕིང་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་ས་གནས་དེ་གའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

གྲོང་ཚོའི་ལས་བྱེད་པས་ལག་ཐོགས་ཁ་པར་ནང་གི་སྐད་འཕྲིན་གྱི་ལས་ཀའི་ཚོགས་པ་ཉུང་དུ་ཕྱིན་པའི་སྐོར་ངོ་སྤྲོད་བྱས་པ་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་བཅོས་སྒྲིག་བྱས་ནས་ལས་བྱེད་ཧྲག་སྒྲུག་དང་ལས་ཁུངས་ཁུ་བསྡུ་བྱས་ཏེ་ལས་དོན་འདི་རྒྱུན་བསྲིང་ལྷོད་མེད་ངང་དམ་འཛིན་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་ཡོད”ཅེས་གསུངས།

སྒུལ་བདེའི་དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཕྱི་ཚུལ་རིང་ལུགས་དེ“གཞུང་ལས་སྒྲོག་ཙེ”ནས“མཛུབ་རྩེའི”ཕྱོགས་སུ་བསྒྱུར་ཏེ་ངོ་བོ་འགྱུར་བའི“ལས་ཀའི་ཚོགས་པ”དང་། “སྲིད་དོན་APP”“PPT”དག་ལས་གཞི་རིམ་གྱི་ལས་བྱེད་པར་མི་ཁོམ་མི་ལྕོགས་པ་བཟོ་ཡི་ཡོད། དེའི་ཐད་ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་ཚོགས་འདུའི་ཐོག“མཛུབ་རྩེའི་ཕྱི་ཚུལ་རིང་ལུགས”ཡོ་བསྲང་ཧུར་ཐག་བྱས་ནས་དཔེ་མཚོན་གནད་དོན་བཅོས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

མང་ཚོགས་ཀྱི་མིག་གསལ་ཐག་ཆོད་ཡོད་པས། གང་ཞིག་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡིན་པ་དང་། གང་ཞིག་ནི་དམངས་ཆེད་བསྒྲུབས་པའི་བྱ་བ་དངོས་ཡིན་པ་གསལ་པོར་མཐོང་གི་ཡོད། དེར་བརྟེན་རང་རྟོགས་ངང་སྤྱོད་ཚུལ་ངན་པ་བཀག་འགོག་བྱེད་པ་དང་། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་བསྐྱོད་པ་མཐའ་འཁྱོངས་བརྟན་པོ་བྱེད་པ། སེམས་ནུས་དང་བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱས་ན་གཞི་ནས་མི་སེམས་དྲོས་པ་དང་དམངས་སེམས་གཅིག་སྒྲིལ་བྱེད་ཐུབ།

2022ལོའི་ཟླ་10ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཡན་ཨན་གསར་བརྗེའི་དྲན་གསོ་ཁུལ་ལ་གུས་མཇལ་ཞུས་པ་རེད། ཡན་ཨན་གསར་བརྗེའི་དྲན་གསོ་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཕེབས་ཀྱིན་དུ་ཞིབ་པར་གཟིགས་པ་དང་དགོངས་པ་བཞེས་ཤིང་། ཁོང་གིས་ཡན་ཨན་དུས་སྐབས་སུ“ཏང་གི་ལས་བྱེད་པར‘མི་སེར་གྱི་ཕྱོགས་སུ་བརྟན་པོར་ལངས་དགོས་པའི’བླང་བྱ་བཏོན་ཡོད་པས‘སྤྱི་ཞབས་པའི་རྣམ་པ་ལས་དཔོན་ཉམས་མཐོང་རྒྱུ་མེད་པའི”གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་ཡོད”ཅེས་གསུངས།

དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ད་དུང“ལོའུ་ཧྲན་འགག་སྒོ”དང“ལ་གཟར་ཁ”མང་པོ་ཡོད། འགག་སྒོ་དང་འཕྲང་ལམ་ཇི་ཙམ་སྒྲོལ་དགོས་ན་དེ་ཙམ་གྱིས་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས།

“ཀྲུང་གོ་བས་བཤད་པའི་སྐད་ཆ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བཤད་པའི་སྐད་ཆ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པས་བཤད་པའི་སྐད་ཆ་བཅས་ཁ་ཐོག་ཚིག་གནས་ཡིན”མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དག་རྒྱུན་ཆད་མེད་པར་དོན་དངོས་སུ་འགྱུར་ངེས་རེད།

(ཚེ་བརྟན་སྒྲོལ་དཀར་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)