ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞིབ་འཇུག་ཇུས་འགོད་དང་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས།
འདི་ག་ཚགས་པར་གྱི་གསར་འགོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་28ཉིན། 09:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལེ་ཚན་གཏོད་པའི་གཏམ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དམ་ཟབ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་ལེན་ནུས་ལྡན་ཞིག་ཀྱང་ཡིན།
སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་བཏོད་དེ་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་སྤེལ་བའི་ལས་དོན་གྱི་འཕེལ་རིམ་དང་དངོས་ཡོད་ཕན་འབྲས་མངོན་པར་བྱ་རྒྱུ་ཡིན།
ཏང་ཀྲུང་དབྱང་གིས་2025ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་པ་ནས་ཟླ་7པའི་བར་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས། ཁོང་སྐུ་ངོ་མས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོ་ཇུས་འགོད་གཏན་འཁེལ་དང་། གསུང་བཤད་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་གནང་ནས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
ཟླ་3ཚེས་12ཉིན། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
ཉིན་ཤས་བསྟུད་མར། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་འཇུག་ཇུས་འགོད་དང་སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་ལ་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཕྲལ་མར་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐད་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུས་པུའུ་དོན་ཚོགས་འདུ་འཚོགས་ནས། སློབ་སྦྱོང་སློབ་གསོའི་ཐད་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་ཕྱེ་སློབ་གསོ་སྤེལ་བ་བཅས་ཕྱོགས་བཞི་ནས་ལས་ཀའི་ལས་འགན་ཁག་14ཞིབ་ཕྲ་བཟོས་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་ཚན་ཁག་བཙུགས་ནས་རྩ་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་དམ་དུ་དང་ནན་དུ་བཏང་ནས་སློབ་སྦྱོང་གི་སྤུས་ཚད་ཡག་པ་དང་། ཞིབ་བཤེར་བྱེད་ཤུགས་ཡོད་པ། སྒྱུར་བཅོས་ལ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དྲིལ་བསྒྲགས་ཁྲིད་སྟོན་ལས་ཀའི་ལམ་སྲོལ་བཙུགས་ནས་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཧུར་ཐག་དང་བརྟན་པོ་བྱས་ཐོག་སློབ་སྦྱོང་སློབ་གསོར་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད།
ཟླ་3ཚེས་14ཉིན། ཧྲང་ཧའེ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུ་དང་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”སེམས་རྒྱུད་ལ་འཇག་པ་དང་ལག་ལེན་དུ་ཏན་ཏིག་འཁྱོལ་དགོས་པའི་བླང་བྱ་བཏོན་པ་རེད། ཧྲང་ཧའེ་གྲོང་ཨུད་ཀྱིས་ནན་ལ་ཏན་ཏིག་གི་བླང་བྱ་དང་དམིགས་ཚད་ལས་འགན་ལ་དམིགས་ཏེ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་བཏང་སྟེ་འཕྲལ་མར་ལག་བསྟར་ཇུས་གཞི་བཟོས་པ་དང་། ལས་དོན་བཀོད་སྒྲིག་རེའུ་མིག་གྲུབ་པ། ལས་འགན་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་སློབ་གསོའི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱས་ཡོད།
བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཕན་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་དང་སློབ་སྦྱོང་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་ཞུན་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས།
ཟླ་3ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་ཏང་ཙུའི་ཚོགས་འདུ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་། གོ་བ་ལེན་པ། ཁོང་དུ་ཆུད་པ་བཅས་བྱས་ཏེ་སྦྱངས་ནས་བསམ་གཞིག་ཐུབ་པ་དང་། སྦྱངས་ནས་གོ་བ་ལེན་ཐུབ་པ། སྦྱངས་ནས་འབྲས་བུ་ཐོན་པ་བཅས་ཏན་ཏིག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཟླ་3ཚེས་23དང་24ཉིན། ཀྲེ་ཅང་ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་མི་སྒེར་གྱི་རང་སྦྱོང་དང་བགྲོ་གླེང་སྤེལ་རེས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། ཀྲེ་ཅང་ཞིང་ཨུད་ཀྱིས། བློ་སྒྲིལ་སེམས་སྐྱེད་མངོན་གསལ་དོད་པོ་བྱས་ཏེ་སློབ་སྦྱོང་སློབ་གསོར་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་ཞུན་བརྡར་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ནང་སེམས་རྒྱུད་དུ་འཇག་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་སློབ་གསོར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་བསལ་ཏེ་སློབ་སྦྱོང་བྱེད་ཀྱིན་ལྟ་བསྡུར་དང་། ཞིབ་ལྟ། དག་ཐེར་བཅས་མཐའ་འཁྱོངས་བྱེད་པ། སྒོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པ་དེ་སློབ་སྦྱོང་སློབ་གསོར་ཞིབ་དཔྱད་བྱེད་པའི་ཚད་གཞིར་བརྩིས་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་བརྟེན་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། སློབ་སྦྱོང་སློབ་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིར་ཀར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོར་བརྟེན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཉིན་ཤས་བསྟུད་མར། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་སྒྲུབ་མཐའ་འཁྱོངས་བྱས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས“ཏན་ཏིག”ཐད་ཤུགས་བརྒྱབ་ཐོག་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱོད་ཚུལ་བཟང་པོར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
ཟླ་3ཚེས་14ཉིན། པེ་ཅིང་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་ཤིང་། པེ་ཅིང་གྲོང་ཨུད་རྩ་འཛུགས་པུས་གྲོང་ཁྱེར་སྒྲིག་ཨུད་དང་། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་ལས་ཁུངས། གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་དང་མཉམ་དུ་གྲོང་ཁྱེར་རིམ་པའི་ལས་དོན་ཆེད་དོན་ཚན་ཁག་བཙུགས་ནས། ཆུས་16དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཐད་ཀར་འབྲེལ་གཏུག་དང་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག ཁོངས་གཏོགས་ཏང་ཨུད(ལས་དོན་ཨུ་ལྷན)10ལ་བརྟེན་ནས་གྲོང་ཁྱེར་རིམ་པའི་ཚན་པ་203ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱས་པ་རེད། པེ་ཅིང་གྲོང་ཁྱེར་གྱིས《བརྡ་ཐོའི》ནང་བཏོན་པའི“སློབ་སྦྱོང་བགྲོ་གླེང་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་དབྱེ་སློབ་གསོ”བཅས་ཀྱི་ལས་དོན་བཀོད་སྒྲིག་ཁག་བཞི་པོ་པེ་ཅིང་གི་ཏང་ཡོན་སློབ་གསོའི་དྲ་བ་སོགས་དྲ་ཐོག་ལས་སྟེགས་ཐོག་སློབ་སྦྱོང་གི་ཆེད་བསྒྲིགས་ལེ་ཚན་བཏོད་པ་དང་། སྒྲིག་བཤེར་ལྟ་ཞིབ་དང་། སྐོར་གཟིགས་སྐོར་ཞིབ། 12345གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་གནད་དོན་ཕྱོགས་ཡོངས་ནས་འཚོལ་ཞིབ་གཏིང་ཟབ་བྱེད་པ་སོགས་ཞིབ་ཕྲའི་བྱ་ཐབས་12སུ་བཟོས་ཡོད།
ཐེན་ཅིན་གྲོང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས《གྲོང་ཁྱེར་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཇུས་གཞིར》གྲོས་ཞིབ་བྱས་པ་དང་། ཁྲུང་ཆིང་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་པ། ཅང་སུའུ་ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཞིང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་ཕྱོགས་ཡོངས་ནས་བཤེར་འདོན་བྱེད་པ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གནད་དོན་བཙལ་འཚོལ་དང་འབྱུང་རྩ་སྔོག་འདོན་བྱས་ཏེ་ཐུན་མོང་རང་བཞིན་གྱི་གནད་དོན་འཚོལ་དགོས་ལ། བྱེ་བྲག་གི་གནད་དོན་ཡང་འཚོལ་དགོས་པའི་བླང་བྱ་བཏོན་པ། ཡུན་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཡང་ཡང་བསྡུར་ཏེ་ཞིབ་ཕྲའི་ལས་དོན་ཁག་10དཀར་ཆག་རྣམ་པའི་ཐོག་ནས་བཏོན་ཏེ་གཙོ་གནད་ལས་འགན་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་བླང་བྱ་བཏོན་པ་བཅས་རེད།