གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་18ཉིན། 14:55】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་3ཚེས་18ཉིན་གྱི་ཐོ་རེངས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཀཱ་ཟ་ས་ཁུལ་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས། དབྱི་སི་རལ་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། དམག་འཐབ་གནམ་གྲུ་བཅུ་ཕྲག་ཁ་ཤས་ཀྱིས་ཀཱ་ཟ་ས་ཁུལ་གྱི་དམིགས་འབེན་བཅུ་ཕྲག་ཁ་ཤས་ལ་མཁའ་རྒོལ་བྱས། ཕ་ལེ་སི་ཐན་གྱི་སྨན་བཅོས་དང་བདེ་འཇགས་ཕྱོགས་ཀྱིས་ཚེས་18ཉིན་དབྱི་སི་རལ་གྱིས་ཀཱ་ཟ་ས་ཁུལ་ལ་མཁའ་རྒོལ་བྱས་པ་དེས་ཉུང་མཐར་ཡང་མི་100རྐྱེན་ལམ་དུ་ཤོར་བ་རེད་ཅེས་བཤད།