འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་18ཉིན།

༄༅།།ཨ་རིའི་དམག་གྲུ་ལ་འཇབ་རྒོལ་བྱ་རྒྱུ་ཟེར།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་17ཉིན། 16:51】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་16ཉིན། ཡེ་མུན་ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་བྱས་པའི་འཕྲོད་བསྟེན་སྡེ་ཁག་གིས། ཨ་རིས་ཚེས་15ཉིན་ཡེ་མུན་ཧུའུ་སའེ་དྲག་དཔུང་ལ་གཞི་ཁྱོན་ཆེ་བའི་དམག་དོན་བྱ་སྤྱོད་སྤེལ་ནས་མི་53རྐྱེན་ལམ་དུ་ཤོར་བ་རེད་ཅེས་བཤད།

ཧུའུ་སའེ་དྲག་དཔུང་གིས་ཚེས་16ཉིན་ཨ་རིའི་དམག་དོན་བྱ་སྤྱོད་ལ་འཁོན་ལན་བསློག་ཆེད། ཧུའུ་སའེ་དྲག་དཔུང་གིས་ཨ་རིའི“ཧ་ལི་ཏུའུ་ལུའུ་མོན”རྟགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཞེས་བཤད།

ཧུའུ་སའེ་དྲག་དཔུང་གི་འགོ་ཁྲིད་པ་ཨ་ཕོ་ཏུའུ་ལེ་· མ་ལི་ཁེ་· ཧུའུ་སའེ་ཡིས་བརྙན་འཕྲིན་ཐོག་གཏམ་བཤད་སྤེལ་ནས། ཧུའུ་སའེ་དྲག་དཔུང་གིས“རིམ་སྤོར་ལ་བརྟེན་ནས་རིམ་སྤོར་ལ་ཁ་གཏད་འཇལ་བ་དང་། རྒྱ་མཚོ་དམར་པོར་གནས་པའི་ཨ་རིའི་དམག་དཔུང་གི་གནམ་ཐང་གྲུ་གཟིངས་དང་། དམག་གྲུ། གྲུ་གཟིངས་སོགས་ལ་འཇབ་རྒོལ་བྱ་རྒྱུ་ཡིན”ཞེས་བཤད། མ་ལི་ཁེ་· ཧུའུ་སའེ་ཡིས། ཨ་རིས“རྒྱ་མཚོ་གཡུལ་སར་བསྒྱུར་ནས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོས་པར”སྐྱོན་བརྗོད་དྲག་པོ་བྱས།