སྡེ་ཚན་གཉིས་ཀྱིས་བསྟན་དོན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་14ཉིན། 10:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
● བརྡ་ཐོའི་ནང་གཅིག་སྡུད་ལྟ་སྐྱོང་ཞབས་ཞུ་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ། གཙོ་བོ་ནི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་མ་ཟད། རང་མོས་ངང་རྒན་གསོའི་སྒྲིག་གཞིར་སྡོད་འདོད་ཡོད་པའི་ནུས་ཤོར་རྒན་རྒོན(ཚོད་སྐོར་བྱས་པ་བརྒྱུད་ནུས་ཤོར་འབྲིང་གྲས་དང་། ནུས་ཤོར་ཚབས་ཆེན། རྦད་དེ་ནུས་པ་ཤོར་བ་བཅས་ཀྱི་རྒན་རྒོན)དང་ལོ་ན་མཐོ་བའི་རྒན་རྒོན(ལོ་ན་80དང་དེ་ཡན་གྱི་རྒན་རྒོན)ཡིན་པ་རེད། ཡུན་རིང་ནད་གཡོག་འགན་བཅོལ་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁུལ་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཐེབས་རྩ་བརྒྱུད་གཞི་རྩའི་ནད་གཡོག་ཞབས་ཞུའི་གྲོན་དངུལ་སྤྲད་ཟིན་པ་དག་རོགས་སྐྱོབ་ཁྱབ་ཁོངས་སུ་འཇུག་རྒྱུ་མིན་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་ཆེད་མངགས་བརྡ་ཐོ་བཀྲམ་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིར་གཅིག་སྡུད་ལྟ་སྐྱོང་ཞབས་ཞུ་སྤེལ་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བཀོད་སྒྲིག་བྱས་ཡོད། བརྡ་ཐོའི་ནང་བླང་བྱ་བཏོན་དོན། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་རྒན་གསོའི་སྒྲིག་གཞིས《རྒན་གསོའི་སྒྲིག་གཞིའི་ཞབས་ཞུ་བདེ་འཇགས་ཀྱི་གཞི་རྩའི་ཚད་གཞིའི》བཙན་ཤེད་རང་བཞིན་གྱི་ཚད་གཞིའི་བླང་བྱ་དང་བསྟུན་དགོས་པ་མ་ཟད། ནུས་ཤོར་འབྲིང་གྲས་དང་དེ་ཡན་གྱི་རྒན་རྒོན་བསྡུ་ཉར་བྱེད་པའི་ཞབས་ཞུའི་ཆ་རྐྱེན་ལྡན་དགོས། རང་གྲོན་རང་གཏོང་དང་། ཁུལ་དབྱེ་ལོགས་དབྱེ་སོགས་ཀྱི་བྱེད་སྟངས་ཐོག་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིར་ལྟ་སྟངས་མི་འདྲ་བ་འཛིན་མི་ཆོག རྒན་གསོའི་སྒྲིག་གཞིས་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་དུས་གཅིག་ཏུ་བསྡུ་ཉར་བྱས་པར་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་དམའ་རུ་གཏོང་མི་ཆོག
བརྡ་ཐོའི་ནང་གཅིག་སྡུད་ལྟ་སྐྱོང་ཞབས་ཞུ་བྱ་ཡུལ་གྱི་ཁྱབ་ཁོངས་ཁ་གསལ་བཟོས་ཡོད་པ་སྟེ། གཙོ་བོ་ནི་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་མ་ཟད། རང་མོས་ངང་རྒན་གསོའི་སྒྲིག་གཞིར་སྡོད་འདོད་ཡོད་པའི་ནུས་ཤོར་རྒན་རྒོན(ཚོད་སྐོར་བྱས་པ་བརྒྱུད་ནུས་ཤོར་འབྲིང་གྲས་དང་། ནུས་ཤོར་ཚབས་ཆེན། རྦད་དེ་ནུས་པ་ཤོར་བ་བཅས་ཀྱི་རྒན་རྒོན)དང་ལོ་ན་མཐོ་བའི་རྒན་རྒོན(ལོ་ན་80དང་དེ་ཡན་གྱི་རྒན་རྒོན)ཡིན་པ་རེད། ཡུན་རིང་ནད་གཡོག་འགན་བཅོལ་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁུལ་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཐེབས་རྩ་བརྒྱུད་གཞི་རྩའི་ནད་གཡོག་ཞབས་ཞུའི་གྲོན་དངུལ་སྤྲད་ཟིན་པ་དག་རོགས་སྐྱོབ་ཁྱབ་ཁོངས་སུ་འཇུག་རྒྱུ་མིན་པ་རེད།
བརྡ་ཐོའི་ནང་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ཁ་གསབ་ཚད་གཞི་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད། བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་གནས་ཁག་གིས་རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གི་སྤྱིའི་བླང་བྱ་གཞིར་བཟུང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ཁ་གསབ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་དགོས། རྩ་དོན་ཐོག་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དེ་ས་གནས་དེ་གའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དང་ནད་གཡོག་ལྟ་སྐྱོང་ཆ་ཚང་ཚད་གཞིའི་བསྡོམས་འབོར་ལས་བརྒལ་མི་ཆོག རྒན་གསོའི་སྒྲིག་གཞིར་སྡོད་པའི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཁ་གསབ་བྱེད་པའི་ཚད་གཞི་དེ་གཅིག་སྡུད་ལྟ་སྐྱོང་ཞབས་ཞུའི་ཚད་གཞི་དང་ས་གནས་དེ་གའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ཁྱད་པར་ལྟར་གཏན་འཁེལ་བྱེད་པ་དང་འབྲེལ་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་རྒན་རྒོན་གྱི་ནད་གཡོག་ཁ་གསབ་དང་། རྒན་གསོ་ཞབས་ཞུའི་ཁ་གསབ་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་ཁག་གཉིས”དེ་དང་བསྟུན་ནས་འཐེན་དགོས།
བརྡ་ཐོའི་ནང་ད་དུང་བསྟན་དོན། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས“རྒན་རྒོན་ཕ་མ+དབང་པོ་སྐྱོན་ཅན་བུ་ཕྲུག”གི་ཁྱིམ་ཚང་ནང་མ་མཐའི་འཚོ་བའི་འགན་སྲུང་ཁྱབ་ཁོངས་སུ་བཅུག་པའི་ཚབས་ཆེན་དབང་པོ་སྐྱོན་ཅན་གཅིག་སྡུད་ལྟ་སྐྱོང་ཁྱབ་ཁོངས་སུ་བཅུག་ནས་བརྡ་ཐོ་འདི་གཞིར་བཟུང་ལག་བསྟར་བྱེད་དགོས།