འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་14ཉིན།

༄༅།།འདི་ལོ་ཚུན་གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་བྱས་པར་ཁྱོན་ཁ་གསབ་སྒོར་དུང་ཕྱུར་10སྤྲད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་14ཉིན། 10:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། ད་ལོ་ཚུན། མི་སྒེར་གྱི་འཛད་སྤྱོད་པ་ཁྲི་165ལྷག་ཙམ་གྱིས་གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ལོངས་སུ་སྤྱད་པར་ཁྱོན་ཁ་གསབ་སྒོར་དུང་ཕྱུར་10.0སྤྲད་པ་དེ་མི་རེར་ཆ་སྙོམས་སྒོར་600ལྷག་ཙམ་ཟིན་ཡོད་པ་རེད།

    ཚོང་དོན་པུས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ཚུན། གློག་སྒུལ་རྐང་འཁོར་རྙིང་པ་གསར་བརྗེས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། ཟླ་3ཚེས་11ཉིན་བར། ད་ལོ་རྒྱལ་ཡོངས་སུ་གློག་སྒུལ་རྐང་འཁོར་ཁྲི་166.4རྙིང་བཙོངས་གསར་བརྗེས་བྱས་པ་དེ་2024ལོའི་བསྡོམས་འབོར་ལས་བརྒལ་བ་དང་2024ལོའི་ལས་ཀའི་སྤྱི་འབོར་གྱི་120.4%དང་མཚུངས་ཡོད། 2024ལོའི་ཟླ་9པར་ལས་དོན་སྤེལ་འགོ་ཚུགས་ཚུན། རྒྱལ་ཡོངས་སུ་ཁྱོན་རྐང་འཁོར་ཁྲི་304.6རྙིང་བཙོངས་གསར་བརྗེས་བྱས་པ་རེད།