གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་14ཉིན། 10:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་དང་པོའི་ཟླ་མཇུག་བར། རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་ཁྲི་5670.7ཟིན་པ་དེ་2012ལོའི་དམངས་གཉེར་ཁེ་ལས་ཀྱི་གྲངས་འབོར་གྱི་ལྡབ་5.2ཡིན་པ་རེད། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲོད་དམངས་གཉེར་ཁེ་ལས་དེ་2012ལོའི་ཁྲི་2.8ནས་ཁྲི་42ལྷག་ཙམ་བར་འཕར་ནས་བསྡུར་ཚད་བཟུང་ཚད་62.4%ནས་92%ཡན་མཐོ་རུ་ཕྱིན་ཡོད།