འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་13ཉིན།

༄༅།།ཡུག་རེན་གྱི་ཉམས་ཉེན་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་13ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་12ཉིན་ཡུག་རེན་གྱི་ཉམས་ཉེན་སྐོར་གྱི་འབྲེལ་ཡོད་ལས་དོན་སྒྲུབ་རིམ་ལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཡུག་རེན་གྱིས་ཨ་རིས་བཏོན་པའི་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཁྲུག་གནས་སྐབས་དམག་མཚམས་འཇོག་རྒྱུའི་གྲོས་འགོ་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན་པ་ཁྱབ་བསྒྲགས་བྱས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མའོ་ཉིང་གིས་བཤད་དོན། འབྲེལ་ཡོད་གནས་ཚུལ་ལ་ང་ཚོས་དོ་སྣང་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་བྱུང་བའི་ཉིན་དང་པོ་ནས་བཟུང་གླེང་མོལ་དང་གྲོས་མོལ་བྱ་རྒྱུའི་འདོད་ཚུལ་བཏོན་ནས་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་ཡོང་ཐབས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་གང་སར་སྐྱོད་པ་དང་གླེང་མོལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་ཀྱིན་ཡོད། ང་ཚོས་དོ་བདག་ཕྱོགས་སོ་སོས་གླེང་མོལ་དང་གྲོས་མོལ་བྱས་པ་བརྒྱུད་ནས། ཕན་ཚུན་གྱི་དོ་ཁུར་ལ་ལྟ་རྟོག་དང་། རྒྱུན་མཐུད་དང་ཡུན་རིང་གི་ཞི་བདེའི་ཇུས་གཞི་འཚོལ་ཐུབ་པར་རེ་སྒུག་བྱས་ཡོད།