འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་11ཉིན།

༄༅།།ཨུ་ཡོན་ཝང་ཐུང་ཀྲོའུ་ཡིས་གསུངས་དོན།“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་རྒྱུན་མཐུད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་11ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱང་ལམ་གསར་པར་ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བར་རམ་འདེགས་བྱ་རྒྱུ་ཡིན་པ་སྟེ། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་སྦྲེལ་མཐུད”ལ་དམིགས་ནས། མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་ཚད་གཞི་མཐོན་པོས་ལག་བསྟར་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་ཁག་གཅིག་གཞི་ཚུགས་པར་སྐུལ་འདེད་གཏོང་རྒྱུ་དང་། སྒྲིག་སྲོལ་ཚད་གཞིའི“མཉེན་ཆས་སྦྲེལ་མཐུད”ལ་དམིགས་ནས། ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུ། མི་ཆོས་རིག་གནས་སྤེལ་རེས་ཀྱི“བསམ་པའི་སྦྲེལ་མཐུད”ལ་དམིགས་ནས། འབྲེལ་ཡོད་རྒྱལ་ཁབ་དབར་གྱི་དམངས་ཁྲོད་སྤེལ་རེས་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན་པ་རེད།