འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་8ཉིན།

༄༅།།རང་རྒྱལ་གྱིས་ཁྲིམས་འདི་དག་བཟོ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་08ཉིན། 15:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ནང་མངོན་པ་ལྟར་ན། ད་ལོ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་བཅའ་ཁྲིམས། དངུལ་རྩའི་བཅའ་ཁྲིམས་སོགས་བཟོ་རྒྱུ་དང་། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་དང་། ཁེ་ལས་ཀྱི་མ་རྩ་སྟོངས་པའི་བཅའ་ཁྲིམས། དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་རྒྱུ་རེད། སྤྱི་ཚོགས་དང་རིག་གནས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བར་དམིགས་ནས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་དང་བུ་བཅོལ་ཞབས་ཞུའི་བཅའ་ཁྲིམས་སོགས་བཟོས་པ་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་བཟོ་བཅོས་བརྒྱབ་ཡོད།