འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་8ཉིན།

༄༅།།དུས་རབས་གསར་པའི“རྒྱལ་ཁབ་ཆེན་པོའི་བཟོ་བོ”གསོ་སྐྱོང་བྱས་ནས་ལང་ཚོའི་ཉམས་འགྱུར་ལ་བཀྲག་མདངས་འཚེར་བ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་08ཉིན། 14:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ནི་དབྱང་ཏེང་ཧུའེ(གཡས་ཀྱི་དང་པོ)ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀོང་ཏུང་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ནན་ཏན་ངང་གཏམ་བཤད་གསན་བཞིན་པ།

འདི་ནི་དབྱང་ཏེང་ཧུའེ(གཡས་ཀྱི་དང་པོ)ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཀོང་ཏུང་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ནན་ཏན་ངང་གཏམ་བཤད་གསན་བཞིན་པ།

“95ནང་སྐྱེས”ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབྱང་ཏེང་ཧུའེ་ནི་ཀོང་ཏུང་ཞིང་ཆེན་འཕྲུལ་ཆས་ལག་ཤེས་སློབ་གླིང་གི་དགེ་རྒན་ཡིན། ཁོང་ཆུང་དུས་ནས་ལག་ཤེས་བཟོ་རྩལ་ལ་དགའ་ཞིང་། ཧྲེན་ཀྲེན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཁོང་གིས་ཀོང་ཏུང་ཞིང་ཆེན་འཕྲུལ་ཆས་ལག་ཤེས་སློབ་གླིང་ལ་མིང་ཐོ་བཀོད།

2017ལོར། དབྱང་ཏེང་ཧུའེ་ཡིས་ཀྲུང་གོའི་ཚབ་ཞུས་ནས་སྐབས་44པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོར་ཞུགས་ཤིང་། ལོ་20ལས་སླེབས་མེད་པའི་ཁོང་ལ་གྲངས་གཞིའི་ཚོད་འཛིན་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། རྒྱལ་ཁབ་ཀྱི་བདམས་ཐོན་པ་རྩེ་གྲའི་བྱ་དགའ་ཡང་ཐོབ་ཡོད། འགྲན་བསྡུར་ཚར་རྗེས་ཁོང་གིས་སློབ་གྲྭར་རང་འཇགས་བསྡད་ནས་དགེ་རྒན་བྱ་རྒྱུའི་སེམས་ཐག་བཅད་པ་དང་། རྒྱལ་ཁབ་སྟོབས་ཆེན་གྱི་ཆེད་དུ་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་དེ་ཁོང་གི་འདུན་པ་ཆེ་ཤོས་སུ་གྱུར་ཡོད། ཁོང་གིས“ངས་རང་ཉིད་ཀྱི་རྩལ་ནུས་དང་འགྲན་བསྡུར་གྱི་ཉམས་མྱོང་སྦ་གསང་མེད་པར་སློབ་མར་བསླབས་ནས་ཁོང་ཚོ་ལག་རྩལ་པ་ཞིག་ཏུ་གསོ་སྐྱོང་བྱེད་ཀྱི་ཡིན་ལ། རྩལ་ནུས་ལ་བརྟེན་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བའང་ཡོད”ཅེས་གསུངས།

ད་ཆ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་དབྱང་ཏེང་ཧུའེ་ཡིས་ལག་ཤེས་བཟོ་པའི་སློབ་གསོ་དང་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་ཁོང་གི་འགན་འཁྲི་སྒྲུབ་པའི་འགག་རྩའི་ཐ་སྙད་ལ་བརྩི་བཞིན་ཡོད། དབྱང་ཏེང་ཧུའེ་ཡིས་རྩལ་ནུས་ཤེས་ལྡན་པ་ནི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། ལག་རྩལ་བཟོ་པའི་སློབ་གསོ་ནི་རྩལ་ནུས་ཤེས་ལྡན་པར་ཞབས་འདེགས་ཞུ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་གསལ་པོ་མཁྱེན་གྱི་ཡོད། ཁོང་གིས་ལག་རྩལ་བཟོ་པའི་སློབ་གསོར་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཤེས་ལྡན་པ་དེ་བས་མང་བའི་མི་མངོན་པའི་ནུས་པ་འདོན་རྒྱུར་སྐུལ་ལྕག་བྱེད་པ་དང་ཐོན་ལས་ལ་བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།

“ཀྲུང་གོའི་བཟོ་སྐྲུན་ཕྱོགས་སྒྱུར་རིམ་སྤོར་ཡོང་བ་བྱེད་དགོས་ན། ཕྱོགས་གཅིག་ནས་ཚན་རིག་མཁས་ཅན་ལ་བརྟེན་ནས་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བ་དང་། ཕྱོགས་གཞན་ཞིག་ནས་བཟོ་རྩལ་མཁས་ཅན་ཁྲི་སྟོང་མང་པོར་བརྟེན་ནས་གསར་གཏོད་དང་བསམ་ཚུལ་དེ་ཐོན་རྫས་ཞིབ་ཚགས་པོ་རེ་རེའི་ཐོག་དོན་འཁྱོལ་བྱེད་དགོས” གཞོན་ནུའི་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བས་ཆེད་ལས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་ཡར་ཐོན་དོན་གཉེར་བྱེད་པ་དང་བསྟུན་ནས་ཀྲུང་གོར་ལག་རྩལ་བྱང་ཆུབ་པའི་བཟོ་རྩལ་མཁས་ཅན་དེ་བས་མང་བ་ཐོན་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་གནང་གི་འདུག

འདི་ནི་ཀོང་ཏུང་ཞིང་ཆེན་འཕྲུལ་ཆས་ལག་ཤེས་སློབ་གླིང་གི་གྲངས་གཞིའི་ཚོད་འཛིན་གཅིག་སྡུད་གསོ་སྐྱོང་རྟེན་གཞིར་ཡོད་པའི་དབྱང་ཏེང་ཧུའེ་ཡིན་པ།

འདི་ནི་ཀོང་ཏུང་ཞིང་ཆེན་འཕྲུལ་ཆས་ལག་ཤེས་སློབ་གླིང་གི་གྲངས་གཞིའི་ཚོད་འཛིན་གཅིག་སྡུད་གསོ་སྐྱོང་རྟེན་གཞིར་ཡོད་པའི་དབྱང་ཏེང་ཧུའེ་ཡིན་པ།