འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་5ཉིན།

༄༅།།བོད་ལྗོངས་ཀྱི་འཐུས་མི་རྣམས་ཀྱི་ཉམས་བཟང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་05ཉིན། 15:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་9ཡི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་མཉམ་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་དམངས་སེམས་དང་དམངས་ཀྱི་འདོད་བློ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་བསྣམས་ཏེ་འགོ་ཚུགས་ཚོགས་ཆེན་ལ་ཞུགས་པ་རེད།