གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་05ཉིན། 15:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2025ལོའི་ཟླ་3ཚེས་3ཉིན། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལུའོ་ཆུས་ལྔ་གཅིག་ཐང་ཆེན་སྡེ་ཁུལ་ཏུའོ་ནན་སློབ་ཆུང་དུ“ཚོགས་འདུ་གཉིས་ཀྱི་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པ་བརྒྱུད། སློབ་མ་ཚོར་ཚོགས་འདུ་གཉིས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཁོང་ཚོས་ཆུང་དུས་ནས་རྒྱལ་ཁབ་ཀྱི་དོན་ཆེན་ལ་སེམས་ཁུར་དང་དོ་སྣང་བྱེད་པར་ཁྲིད་སྟོན་བྱས་པ་རེད།