གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་05ཉིན། 13:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། ཚན་སློབ་ཆེན་མོའི་ཞུན་ཧྥེ་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་ལིའུ་ཆིང་ཧྥུང་གིས་གྲོས་འགོ་ཁག་9བསྣམས་ཕེབས་པ་ཕྱོགས་ཡོངས་ནས་“རིག་ནུས་བཅོས་མར་”དམིགས་པ་རེད།
ཚན་རྩལ་རྒན་རྒོན་ལ་འཚམ་པའི་ཁྱབ་ཁོངས་སུ། ལིའུ་ཆིང་ཧྥུང་གིས། ད་ཆ། AIཚན་རྩལ་བཀོལ་སྤྱོད་ཀྱིས་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒན་རྒོན་རིམ་པ་མང་བའི་སྨན་བཅོས་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་མོད། འོན་ཀྱང་སྔར་བཞིན་གཞི་གྲངས་རྐྱང་པ་ཡིན་པས། གྲངས་ཀའི་འགལ་རྐྱེན་དང་ཞབས་ཞུ་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ལྷགས་ཡོད་པས། ཚན་རྩལ་རྒན་རྒོན་ལ་འཚམ་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ། རྒན་རྒོན་གྱི་ཚོགས་པས་“AIཕན་ཁེ་”མཉམ་སྤྱོད་བྱེད་པར་རོགས་རམ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
ང་ཚོ་འཕྲུལ་མིས་རྒན་གསོའི་དུས་དང་བར་ཐག་ཅི་ཙམ་ཡོད་དམ་ཞེ་ན། ལིའུ་ཆིང་ཧྥེང་གིས། ལོ་གསུམ་ནས་ཁྱིམ་ཚང་དུ་རོགས་པ་འཕྲུལ་མི་ཡོང་སྲིད། རང་ནུས་ཕྱེད་ཙམ་ཤོར་བའི་རྒན་རྒོན་ལ་བདག་སྐྱོང་བྱེད་ཐུབ་པའི་འཕྲུལ་མི་ལོ་ལྔ་ཡས་མས་ཁྱིམ་དུ་ཡོང་རེ་ཡོད་པ་མ་ཟད། མ་འོངས་པར་སྒོར་དུང་ཕྱུར་ཁྲི་ཟིན་པའི་གསར་དར་ཐོན་ལས་ཐོན་རྒྱུ་རེད་ཅེས་ལན་བཏོན།
“AI+སློབ་གསོའི་”ཁྱབ་ཁོངས་སུ། ལིའུ་ཆིང་ཧྥུང་གིས། སློབ་མའི་གྲོན་དངུལ་ཆ་སྙོམས་སུ་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས། “AI+སློབ་གསོའི་”རྒྱུན་མཐུད་གྲོན་དངུལ་འགན་སྲུང་མཁོ་འདོན་བྱེད་པ་དང་ཆབས་ཅིག་AIདུས་རབས་ཀྱི་ཤེས་ལྡན་མི་སྣའི་འདྲ་རིས་དང་གསོ་སྐྱོང་ཆ་ལག་ཚང་བའི་སྒོ་ནས་འཛུགས་པ་དང་། གདེང་འཇོག་བྱེད་ཐབས་གསར་གཏོད་བྱས་ཏེ། AIཀུན་ཤེས་སློབ་ཚན་མང་དུ་བཏང་ནས་AIནུས་པ་སློབ་ཚན་གྱི་ཚད་གཞི་གསར་པའི་ནང་བཅུག་ནས། “རིག་ནུས་བཅོས་འགན་ལེན་ཐུབ་པའི་མིའི་རིགས་གསར་པ་གསོ་སྐྱོང་བྱེད་པའི་”གྲོས་འགོ་བཏོན་པ་རེད།