འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་4ཉིན།

༄༅།།ཚོགས་འདུ་ཚོགས་ཡུན་ཉིན་6དང་། གྲོས་རིམ་འདི་ལྟར་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་04ཉིན། 12:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་3ཚེས་3ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ད་ཐེངས་ཀྱི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད་གསར་འགོད་པའི་དྲི་བར་ལན་ཡང་བཏབ་པ་རེད།

    ལིའུ་ཅེ་དབྱི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་3ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་འཛུགས་རྒྱུ་དང་། ཟླ་3ཚེས་10ཉིན་གྱི་སྔ་དྲོར་མཇུག་བསྒྲིལ་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་དྲུག་རེད།

    ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་གྱི་སྙན་ཞུ་གསན་རྒྱུ་དང་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་དེ་བཞིན་འབྲེལ་ཡོད་སྙན་ཞུ་གཞན་དག་གསན་རྒྱུ་དང་གྲོས་བསྡུར་བྱས་པ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་ཀྱི་གྲོས་ཆོད་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་ཞུའི་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་བཅས་རེད།

    ཚོགས་ཆེན་འཚོག་རིང་འགོ་ཚུགས་ཚོགས་འདུ་དང་། མཇུག་སྒྲིལ་ཚོགས་འདུ། དེ་བཞིན་ཚོགས་ཆེན་ཐོག་གཏམ་བཤད་ཐེངས་གཉིས་བཀོད་སྒྲིག་བྱ་རྒྱུ་དང་། ཨུ་ཡོན་བཞུགས་ཡུལ་སོ་སོར་ལས་རིགས་ཁག་གི་ཚོགས་ཆུང་གི་ཚོགས་འདུ་ཁག་ཐེངས་མང་འཚོག་རྒྱུ་དང་། ལས་རིགས་ཁག་ཁ་ཤས་ཀྱིས་ལས་རིའངགས་ཁག་གི་གྲོས་མོལ་ཚོགས་འདུའང་འཚོག་རྒྱུ་རེད། འགོ་ཚུགས་ཚོགས་འདུ་དང་མཇུག་སྒྲིལ་ཚོགས་འདུར་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་ཕོ་ཉ་གདན་འདྲེན་ཞུས་ནས་ཟུར་གསན་གནང་རྒྱུ་རེད།