འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་4ཉིན།

འཐུས་མི་ཧྥན་ཅིའུ་ཕིང་གིས་གསུངས་དོན།

༄༅།།དམངས་འཚོའི་དོན་དངོས་སེམས་ལ་འཇོག་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཏན་ཧྭ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་04ཉིན། 11:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉིན་ཤས་གོང་། ཀའོ་ཞའོ་མའོ་དང་ཀྲང་སུང་ཐེན་གཉིས་དབར་འཚོ་བའི་བྱ་བ་ཆུང་ཙག་གིས་རྐྱེན་པས་རྩོད་པ་ཆེན་པོ་ཤོར་ཏེ་མཐར“ཧྥན་དྲང་གཞག”བཙལ་ནས་རོགས་པ་བྱེད་རོགས་ཞུས།

    ཁོང་ཚོས་བརྗོད་པའི“ཧྥན་དྲང་གཞག”ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཆའོ་ཀྲེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཧྥན་ཅིའུ་ཕིང་རེད།

    “དཀའ་གནད་འཕྲད་ཚེ་ཧྲུའུ་ཅི་ཧྥན་ལགས་འཚོལ་དགོས”ཞེས་པ་དེ་ད་ཆ་ཆའོ་ཀྲེན་གྲོང་ཚོའི་ཡུལ་མིའི་ཁ་རྒྱུན་ཞིག་ཏུ་གྱུར་ཡོད། ལོ་20ལྷག་ཙམ་རིང་། ཧྥན་ཅིའུ་ཕིང་གིས་དྲང་པོ་དྲང་གཞག་ངང་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་2000ལྷག་ཙམ་འདུམ་འགྲིག་བྱས་ཏེ། ཡུལ་མི་སྤུན་ཟླ་ཚོའི“སེམས་ནད”དང་། “དོགས་གནད” “དཀའ་གནད”བཅས་བསལ་ཡོད།

     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ཧྥན་ཅིའུ་ཕིང་ཡང་དམངས་འཚོའི་གནད་དོན་གྱི་དོ་ཁུར་པ་དང་སྐུལ་འདེད་པ་རེད། 2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཁོང་གིས་ཐོག་བརྩེགས་ཁང་ཆེན་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་ཕུལ་བར། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་དེའི་ཐད་ལན་ནན་ཏན་བསློགས་ནས། ཉེ་བའི་ལོ་ཤས་རིང་ཐོག་བརྩེགས་ཁང་ཆེན་གྱི་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་འབྲེལ་ཡོད་ལས་དོན་སྤེལ་སྟངས་ཀྱང་བཏོན་ཡོད་པ་རེད།