ཨུ་ཡོན་ཚའོ་ཕུང་གིས་གསུངས་དོན།
འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཁོའོ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་04ཉིན། 11:05】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
པེ་ཅིང་དབྱི་ཀྲོང་གི་གཞུང་ལས་ཐོག་ཁང་ཞིག་ཏུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཅིང་ཏུང་ཚོགས་པའི་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའོ་ཕུང་གི་གཞུང་ལས་སྒྲོག་ཙེའི་ཐོག་ལག་རྩལ་གྱི་ཡིག་ཚགས་10ལྷག་ཙམ་ཁ་ཕྱེ་ནས་བཞག་ཡོད། 2014ལོའི་རབས་གསར་པའི་གཤོང་ཚད་ལས་སྟེགས་ཀྱི་སྒྲོམ་གཞིའི་རི་མོ་ནས་སྤྲིན་ཚོམ་བཀོལ་སྤྱོད་ཀྱི་ལག་རྩལ་3.0གྱི་རྒྱབ་ཤ་དཀར་པོའི་དེབ་བར། གསར་གཏོད་ཀྱི་ལོ་རྒྱུས་བརྒྱུད་རིམ་གསལ་པོར་མཐོང་རྒྱུ་ཡོད། ཚའོ་ཕུང་གི་འགན་སྒྲུབ་གཏམ་རྒྱུད་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གང་མགྱོགས་མངོན་འགྱུར་བྱེད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད།
ཚའོ་ཕུང་གིས་ཉེ་བའི་ལོའི་ནང་བཏོན་པའི་གྲོས་གཞིར“རྩིས་ནུས”དང“རང་བརྟེན”ནི་ཡང་སེ་ཐོན་པའི་བརྡ་ཆད་གཙོ་བོ་ཞིག་རེད། སྤྲིན་ཚོམ་རྩིས་རྒྱག་ཁྱབ་ཁོངས་ཀྱི་ལག་རྩལ་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ཚའོ་ཕུང་གིས་འགན་སྒྲུབ་ཀྱི་གཙོ་གནད་དེ“འགག་རྩའི་གནད་དོན”ཐག་གཅོད་བྱེད་པའི་ཐོག་བཞག་ཡོད། ཁོང་གིས། ལག་རྩལ་དང་ཐོན་རྫས་རང་རྒྱལ་ནས་བཟོ་རྒྱུ་གང་མགྱོགས་མངོན་འགྱུར་བྱས་ནས། མཁོ་སྤྲོད་འཁོར་སྦྲེལ་ལ་རང་བརྟེན་ཚོད་འཛིན་ཐུབ་པར་སྐུལ་འདེད་དང་། རབས་རྗེས་མའི་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཞིབ་སྤེལ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག འཁོར་སྦྲེལ་ཧྲིལ་པོའི་མཐུན་སྦྱོར་གསར་གཏོད་དང་སྤྱི་ཡོངས་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་རང་བརྟེན་ཚོད་འཛིན་ཐུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་མཐུད་གཏོང་དགོས་པའི་ངོས་འཛིན་གནང་ཡོད།