འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་3ཉིན།

༄༅།།དེ་རིང་གི་ཆུ་ཚོད་3པའི་ཐོག་ཐད་གཏོང་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་03ཉིན། 14:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཟླ་3ཚེས་3ཉིན་གྱི་ཆུ་ཚོད་15:00ཐོག་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་ཁང་དང་པོའི་གསར་འགྱུར་ཁྱབ་བསྒྲགས་ཐིང་དུ་འཚོག་རྒྱུའི་ཐག་བཅད་པ་རེད། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཅེ་དབྱི་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ད་ཐེངས་ཀྱི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱ་རྒྱུ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་འདེབས་རྒྱུ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་སྐབས་དེ་དུས་ཡུལ་དངོས་ཐད་གཏོང་བྱ་རྒྱུ་རེད།

   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡི་གསར་འགྱུར་ཚོ་ཆུང་ནས། 2025ལོའི་ཟླ་3ཚེས་1ཉིན།