འཚོལ་བཤེར།   
藏文频道
2025ལོའི་ཟླ་3ཚེས་3ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་
བསྒྲགས་ཚོགས་འདུ་ཟླ་3ཚེས་4ཉིན་གྱི་ཆུ་ཚོད་12ཐོག་འཚོག་རྒྱུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 03ཚེས་03ཉིན། 09:06】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བརྡ་ཐོ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་དེ་2025ལོའི་ཟླ་3ཚེས་4ཉིན(གཟའ་མིག་དམར་)ཆུ་ཚོད་12པར་མི་དམངས་ཚོགས་ཁང་ཆེན་པོའི་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་རྒྱུ་དང་། ཚོགས་ཆེན་གྱི་མགྲིན་ཚབ་པས་ཚོགས་ཆེན་གྱི་གྲོས་རིམ་དང་མི་དམངས་འཐུས་ཚོགས་ལས་དོན་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་རྒྱུ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཞུགས་པར་དགའ་བསུ་ཞུ།

    གསར་འགོད་པས་ཉིན་དེའི་སྔ་དྲོའི་ཆུ་ཚོད་11ནས་བཟུང་། ཚོགས་འདུས་བཟོས་ནས་སྤྲད་པའི་གསར་འགོད་པའི་ལག་ཁྱེར་ལ་བརྟེན་ནས་མི་དམངས་ཚོགས་ཁང་ཆེན་པོའི་ཤར་སྒོ་ནས་ཞུགས་ཆོག

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས།

2025ལོའི་ཟླ་3ཚེས་2ཉིན།