གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་03ཉིན། 09:05】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་2ཚེས་27ཉིན། པེ་ཅིང་ནུབ་ཁྲང་ཨན་ཁྲོམ་གཞུང་བྱང་ཕྱོགས་ཀྱི་མེ་ཏི་ཡ་ལྟེ་གནས་སུ་བཙུགས་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
མིག་སྔར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་བཅར་འདྲི་ལ་མིང་ཐོ་བཀོད་ཡོད། དེ་ལས་རྒྱལ་ནང་གི་གསར་འགོད་པ་2000ལྷག་དང་། ཤང་ཀང་དང་ཨའོ་མོན། ཐའེ་ཝན། ཕྱི་རྒྱལ་གྱི་གསར་འགོད་པ་1000ལྷག་ཡོད། གསར་འགོད་པའི་མིང་ཐོ་བཀོད་པའི་གྲངས་འབོར་ནི་ན་ནིང་ལས་མང་དུ་ཕྱིན་ཡོད་པ་རེད། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྒོ་འབྱེད་དང་ཕྱི་གསལ་ནང་གསལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་གསར་འགྱུར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།