གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 03ཚེས་01ཉིན། 21:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2025ལོའི་ཟླ་1ཚེས་27ཉིན་ནས་ཟླ་2ཚེས་28ཉིན་བར། མི་དམངས་དྲ་བས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་བསྟུད་མར་བརྟག་དཔྱད་ཐེངས་24བྱས་ཤིང་། དྲ་གྲོགས་ཚོས་གླེང་གཞི་མང་བའི་ཐ་སྙད་ཆེ་གྲས་བཅུ་བདམས་པ་རེད།
དྲ་གྲོགས་ཚོས་འདེམས་ཤོག་འཕངས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། “དམངས་འཚོའི་འགན་སྲུང་”དང་། “རུལ་སུངས་ལ་ངོ་རྒོལ” “ སྤྱི་ཚོགས་བཅོས་སྐྱོང་”གསུམ་ནི་དོ་ཁུར་བྱེད་ཚད་སྔོན་གྱི་ཨང་གསུམ་པར་སླེབས་ཡོད། གླེང་མང་པའི་ཐ་སྙད་ཨང་བཞི་པ་ནས་བཅུ་བའི་བར་ནི་སོ་སོ“དཔལ་འབྱོར་འཕེལ་རྒྱས”དང་། “ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ” “ཚན་སློབ་ཤེས་ལྡན་མི་སྣ” “མཛེས་སྡུག་ལྡན་པའི་ཀྲུང་གོ” “རིག་གནས་འཛུགས་སྐྲུན” “ཞིང་ལས་སྟོབས་ལྡན་རྒྱལ་ཁབ” “སྒྱུར་བཅོས་སྒོ་དབྱེ”བཅས་རེད།