འཚོལ་བཤེར།   
藏文频道
2025ལོའི་ཟླ་2ཚེས་26ཉིན།

༄༅།།སི་ཁྲོན་རྔ་པའི་རི་ཁུལ་གྱི་ཕྲུ་གུ་ཚོར་འཇོན་ཐང་ངོམ་སའི་གོ་སྐབས་ཡོད་པར་བྱེད་དགོས།

ཀྲོའུ་དབྱང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 02ཚེས་26ཉིན། 10:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “ཕྲུ་གུ་ཚང་མར་མི་ཚེའི་འཇོན་ཐང་མངོན་པའི་གོ་སྐབས་ཡོད་པར་བྱེད་དགོས”དད་སེམས་དེ་བཅངས་ཏེ་ང་རང་ཀྲེ་ཅང་ནས་སི་ཁྲོན་རྔ་པའི་ས་བབ་མཐོ་ཚད་སྨི་3300ཡོད་པའི་ས་མཐོར་ཡོང་བ་ཡིན། སློབ་ཚན་དང་པོ་འཚོགས་པའི་གནས་ཚུལ་དེ་དུས་ད་ལྟའང་གསལ་ལྷམ་མེར་དྲན་གྱི་འདུག སློབ་ཁང་གི་ཕྱི་རོལ་དུ་གྲང་རླུང་ལྡང་བ་དང་། སློབ་ཁང་ནང་རྒྱ་རིགས་དང་། བོད་རིགས། ཆའང་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་སློབ་མ་མང་པོ་ཡོད་པ་རེད། འདི་གའི་སློབ་མ་རྣམས་མཐོ་རྒྱུགས་དཀྱུས་མ་བརྒྱུད་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ཚུད་དཀའ་བ་དང་ཁྱིམ་བདག་ཞིག་གིས“སློབ་སྦྱོང་བྱས་ན་ཕན་ཐོགས་གང་ཡང་མེད། དེ་ལས་ཁྱིམ་དུ་ལོག་ནས་ཕྱུགས་རྫི་བྱས་ན་དགའ”ཞེས་བཤད་པ་ཐོས་སྐབས་ང་རང་དེ་མ་ཐག་སྐྱོ་གདུང་གི་སྣང་བ་ཞིག་བྱུང་བ་དྲན་གྱི་འདུག དེ་ནས་བཟུང་ངས་གནད་དོན་དེར་འགྱུར་ལྡོག་གཏོང་ཆེད་རི་ཁུལ་གྱི་ཕྲུ་གུ་ཚོ་ཕྱིར་སྐྱོད་དེ་མི་ཚེའི་འཇོན་ཐང་ངོམ་ཐུབ་པར་བྱེད་རྒྱུའི་བློ་ཐག་བཅད་པ་ཡིན།

     ཐོག་མར་དེ་གར་སླེབས་སྐབས། ངས་མཐིལ་རྟོགས་མཐར་ཕྱིན་ཞིག་བྱས་པས་དགེ་རྒན་གྱི་སློབ་ཁྲིད་ཀྱི་འཆར་གཞི་ཟང་ཟིང་ཡིན་པ་དང་། སློབ་མའི་རྨང་གཞི་ཞན་པ། སློབ་མ་མི་ཉུང་བ་ཞིག་གི་ཨང་རྩིས་སྐར་གྲངས་30ཡང་མ་ཟིན་པ། ཁྱིམ་བདག་གིས་སློབ་གསོར་དེ་ཙམ་དོ་སྣང་མི་བྱེད་པ། “ཡོང་འབབ་གསོག་རྒྱུ་དེ་སློབ་གྲྭར་སྐྱོད་པ་ལས་གཙིགས་ཆེར་བརྩི་བའི”སྣང་བ་བྱུང་། སློབ་གསོ་དང་སློབ་ཁྲིད་ཐད་སློབ་གསོ་སྔོན་ལ་འཇོག་དགོས་པ་དང་དགེ་རྒན་གྱི་བསམ་བློ་དང་འཇོན་ཐང་གི་གནད་དོན་ནི་ཐོག་མར་ཐག་གཅོད་བྱེད་དགོས་པ་ཞིག་རེད།

    སློབ་མའི་རྨང་གཞི་ཞན་པའི་དབང་གིས་བསླབས་མ་ཐག་བརྗེད་འགྲོ་བས་ང་ཚོས་སློབ་སྟོན་ལམ་ལུགས་བཟོས་ནས་སློབ་སྦྱོང་ལ་མཛུབ་ཁྲིད་བྱེད་པ་མ་ཟད། མི་ཚེར་ཡང་ཁྲིད་སྟོན་བྱེད་པ་དང་། “གནད་དོན་དང་། བརྗོད་དོན་གཙོ་བོ། ཆེད་དོན། ཞིབ་འཇུག་བྱ་གཞི”བཅས་ཀྱི་རྣམ་པ་བཟོས་ནས། དགེ་རྒན་གྱི་སློབ་ཚན་འཁྲིད་སྟངས་དང་སློབ་ཚན་ལ་ཞིབ་འཇུག་བྱེད་སྟངས་འགྲན་བསྡུར་བྱས་ཏེ་སློབ་ཁྲིད་ཀྱི་དགོས་མཁོ་དང་མཛུབ་ཁྲིད་ཀྱི་བླང་བྱ་ཕན་ཚུན་མཉམ་འདྲེས་བྱེད་པ། ཟླ་རེའི་ཚེས་11ཉིན་ནི“སློབ་ཁྲིད་བསམ་གཞིག་ཉིན་མོར”གཏན་འཁེལ་བྱས་ཏེ། སློབ་མར་འཚམ་པའི་སློབ་སྦྱོང་གི་ཇུས་གཞི་བཟོ་བ་དང“འཛིན་གྲྭའི་ཞིབ་འཇུག་སྒྲིག་གཞི”བཟོས་ནས་ཕན་ཚུན་དགེ་སྤེལ་སྐྱོན་སེལ་བྱེད་ཀྱི་ཡོད། སློབ་མ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་སློབ་ཁྲིད་མ་ལག་བསྐྱར་སྒྲིག་བྱས་པ་བརྒྱུད་སློབ་གསོའི་རྣམ་པ་གསར་རྐྱང་དུ་གྱུར་ཏེ“དཔེ་དེབ་ཁོ་ནར་བརྟེན་ཏེ་སློབ་ཁྲིད་བྱེད་པ་ནས་སློབ་ཁྲིད་ཁྲོད་སྤྲོ་བ་འཕེལ་བར་བྱས་ཏེ་རང་མོས་སློབ་སྦྱོང་བྱེད་པའི་བར”འགྱུར་ལྡོག་བཏང་ཡོད། སློབ་གསོ་ནི་མི་སྐྱོང་གི་ཚན་རིག་ཡིན་པས། སློབ་མར་བརྩི་འཇོག་གིས་སྤྲོ་སྣང་འཕེལ་བར་བྱེད་པ་དང་། ཆོས་ཉིད་ལ་བརྩི་སྲུང་གིས་བྱེད་ཐབས་ཡང་དག་འཚོལ་བ། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཚེ་སློབ་ཁྲིད་ཀྱི་དགེ་མཚན་མངོན་འགྱུར་བྱེད་ཐུབ།

    སློབ་གསོས་རོགས་སྐྱོར་བྱེད་པར་རིག་སྐྱོར་བྱེད་དགོས་ལ་བློ་སྐྱོར་ཡང་དེ་བས་བྱེད་དགོས། ཤར་རྒྱུད་ས་ཁུལ་དང་བསྡུར་ན། ནུབ་རྒྱུད་རི་ཁུལ་གྱི་སློབ་གསོའི་ཐོན་ཁུངས་ལ་སྔར་བཞིན་ཧེ་བག་ངེས་ཅན་ཡོད་པ་དེས་དོན་དངོས་ཐོག་ཕྲུ་གུ་ཚོའི་མཐོང་རྒྱར་ཚོད་འཛིན་བཟོས་ཡོད། ཤར་ནུབ་མཉམ་ལས་བྱེད་པ་ནི་བཀག་རྒྱ་དེ་མེད་པ་བཟོ་ཆེད་ཡིན། ང་ཚོས་སློབ་གྲྭའི་ཕྱི་རོལ་གྱི་ཐོན་ཁུངས་ནང་འདྲེན་བྱས་པས་སློབ་མ་ཙེ་ཤིའུ་ཡིས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བྱས་པ་བརྒྱུད་རང་ཉིད་ཀྱི་སྒྲིག་རིམ་གྱི་ལྷན་སྐྱེས་ཤེས་རབ་ཤེས་རྟོགས་བྱུང་ནས་དུས་ཐུང་ལོ་ཕྱེད་ནང་ཁོང་གནས་སའི་མི་མེད་གནམ་གྲུའི་སྒྲིག་རིམ་ཚོགས་པར་ཀྲོའུ་རིམ་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དགུན་གསེང་དང་དབྱར་གསེང་དུ་ང་ཚོས་སློབ་མ་སྒྲིག་འཛུགས་བྱས་ནས་པེ་ཅིང་དང་ཀྲེ་ཅང་དུ་ཞིབ་འཇུག་སློབ་སྦྱོང་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བར་ལྟ་བ། ནན་ཧུའུ་མཚེའུ་ཡི་གྲུ་དམར་ལ་ལྟ་བར་སྐྱོད་ཀྱི་ཡོད། བོད་རིགས་སློབ་མ་ཞིག་གིས་ཉིན་ཐོའི་ནང“ལྕགས་རི་རིང་པོར་སླེབས་སྐབས་ངའི་ཕུགས་འདུན་ནི་རི་ཁུལ་ནས་ཕྱིར་སྐྱོད་རྒྱུ་ཙམ་མ་ཡིན་པར་འཛམ་གླིང་ཕྱོགས་སུ་སྐྱོད་རྒྱུ་དེ་ཡིན་པ་རྟོགས་བྱུང”ཞེས་བྲིས་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། ས་ཁོངས་མཐུན་སྦྱོར། རི་མཚོ་མཉམ་ལས་བཅས་ནི་འབོད་ཚིག་ཙམ་ཞིག་མིན། ང་ཚོས་དེ་རིང་བསྒྲུབས་པའི་བྱ་བ་ཆུང་ཙག་ཚང་མ་མཐར་དོན་ཆེན་དུ་འགྱུར་སྲིད།

    (རྩོམ་པ་པོ་ནི་ཀྲེ་ཅང་ཞིང་ཆེན་ཝུན་ཀྲའུ་སློབ་འབྲིང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་བྱེད་པ་དང་། སི་ཁྲོན་ཞིང་ཆེན་རྔ་པ་རྫོང་སློབ་འབྲིང་གི་སློབ་སྤྱི་ཡིན་པ)