རེན་ཧོ་ཆིང་།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 02ཚེས་26ཉིན། 10:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ང་ནི་པར་རྒྱག་རྒྱུར་དགའ་བའི་མི་ཞིག་ཡིན་ལ་ས་སྐྱེས་རྡོ་སྐྱེས་ཀྱི་མཛོད་དགེ་བ་ཞིག་ཀྱང་ཡིན། ཆུང་དུས་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་རྩེད་མོ་རྩེ་བཞིན་འཚར་ལོངས་བྱུང་བས་དེ་གར་ཧ་ཅང་དགའ་པོ་ཡོད། ནར་སོན་རྗེས། ངས་པར་ཆས་ལ་བརྟེན་ནས་ས་ཆ་དེའི་འགྱུར་ལྡོག་དང་། དུས་བཞིའི་འགྱུར་ལྡོག་ལས་བྱུང་བའི་རང་བྱུང་མཛེས་ལྗོངས། ཉེ་འཁོར་གྱི་རྒྱུན་གཏན་གྱི་གནས་ཚུལ་ཙག་ཙིག དེ་བཞིན་གསོན་ཉམས་དོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་དང་དམངས་ཁྲོད་སྒྱུ་རྩལ་བཅས་པར་དུ་བླངས་ཡོད།
པར་ལེན་ནི“ལྡེ་མིག”ཞིག་དང་མཚུངས་པར། ང་ལ་ཟུར་ཚད་གསར་རྐྱང་ཞིག་ནས་ཕ་ཡུལ་མྱོང་ཚོར་དང་ཕ་ཡུལ་ལ་ཉེ་བཅར་བྱེད་པའི་སྒོ་མོ་འབྱེད། པར་ཆས་བརྒྱུད་ངས་མཛོད་དགེ་དེ་ཉིད་བལྟོས་བཅས་ཀྱི་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྫོང་གྲོང་ཆུང་ངུ་ཞིག་ནས་རིམ་བཞིན་གསོན་ཤུགས་ཀྱིས་ཁེངས་པའི་ཡུལ་སྐོར་དམིགས་སར་གྱུར་བར་དཔང་པོ་བྱས་ཡོད། ངས་བརྒྱབ་པའི་པར་ནང་བརྗིད་ཉམས་ལྡན་པའི་རྨ་ཆུའི་ཁུག་དགུའི་ཁུག་པ་དང་པོ་ཡོད་ལ། འབྲོག་པའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའང་ཡོད། དེང་རབས་ཅན་གྱི་སྒྲིག་བཀོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཀྱི་རྣམ་པ་ཡོད་ལ། སྲོལ་རྒྱུན་གྲོང་ཚོའི་ཡུན་རིང་ལྷིང་འཇགས་སོར་གནས་ཐུབ་པ་དག་ཀྱང་ཡོད།
ངས་པར་རྒྱག་ཐེངས་རེར་གྲོང་ཁྱེར་འདིའི་ལོ་རྒྱུས་ཟིན་ཐོར་བཀོད་པ་དང་འདྲ། ངའི་རེ་བར་བརྩམས་ཆོས་བརྒྱུད་མི་དེ་བས་མང་བས་མཛོད་དགེའི་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་རྟོགས་དང་གྲོང་ཁྱེར་དེའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་རྒྱུ་དེ་ཡིན།
འབྱུང་འགྱུར་ངས་མུ་མཐུད་པར་ཆས་ལ་བརྟེན་ནས་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་བས་མང་བ་པར་དུ་བླངས་ནས་རྩྭ་ཐང་གི་མཛེས་སྡུག་བརྒྱུད་སྤྲོད་ཐུབ་རྒྱུའི་རེ་བ་ཡོད།